ཕེས་བྷུག་ལུ་གདོང་དེབ་ཟེར་བའི་མིང་གི་དོགས་སེལ།
12 / ༠༢ / 2022 བཙུགས་མི། Tenzin Namgyel
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ མིང་ཚིག་གསར་བཟོ་འབད་ཐངས་ཀྱི་ལམ་ལུགས་དང་འཁྲིལ་ཏེ་ སྒེར་མིང་དང་ཚོང་ལས་ཀྱི་མིང། ཚོང་རྟགས། དེ་ལས་དངོས་རྣམ་གྱི་མིང་ཚུ་ཨིན་པ་ཅིན་གསར་བཟོ་འབད་ནི་མེད། མིང་དེ་ཚུའི་རིགས་ སྒྲ་སྒྱུར་རྐྱངམ་གཅིག་འབདཝ་ཨིན། དེ་གིས་སྦེ་ ཕེས་བྷུག་ལུ་གདོང་དེབ་ཟེར་ང་བཅས་ལྷན་ཚོགས་ཀྱིས་གསར་བཟོ་འབད་འབདཝ་མེདཔ་ལས་ ང་བཅས་ཀྱི་ཚིག་མཛོད་དང་ མིང་མཛོད་ དེ་ལས་ཡོངས་འབྲེལ་འཆར་སྒོ་ལ་སོགས་པའི་ལྷན་ཚོགས་ཀྱི་ཡིག་ཆ་ཚུ་ནང་ ལག་ལེན་འཐབ་འཐབ་མེད་ཟེར་ཞུ་ནི་ཨིན།
གཏན་མཛོད།