ཞིབ་འཚོལ་སྡེ་ཚན།

ལས་རིམ་དང་ཁྱབ་སྤེལ་ལས་ཚན།

རྒྱལ་ཁབ་ནང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་འབྲེལ་བའི་ལས་རིམ་ཚུ་འགོ་འདྲེན་འཐབ་ནི་དང་ རྫོང་ཁ་གོང་འཕེལ་དང་རྒྱུན་སྐྱོང་དོནལུ་ དགོས་མཁོ་ཆེ་བའི་ཁྱད་རིག་གི་མཁོ་ཆས་ ཁྱབ་སྤེལ་འབད་ནིའི་ལཱ་དང་འགན་ཁུར་ཚུ་ གཤམ་གསལ་ལྟར་ཨིན།

ལས་རིམ་དང་སྦྱོང་བརྡར།

འབྲུག་ཁབ་འདི་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་ལུ་ ཐོག་ཆ་མེད་པའི་མིསྡེ་གཅིག་སྒྲིལ་སྦེ་བཟོ་ནིའི་དོན་ལུ་ རྫོང་ཁའི་ སློབ་སྦྱོང་དང་སྦྱོང་བརྡར་སྣ་ཚོགས་འགོ་འདྲེན་འཐབ་ནི།
རྫོང་ཁ་གོང་འཕེལ་དང་རྒྱུན་སྐྱོང་གི་དོན་ལུ་ གྲོས་ཚོགས་དང་གྲོས་བསྡུར་སྣ་ཚོགས་ འགོ་འདྲེན་འཐབ་ནི།
འབྲེལ་ཡོད་ལྷན་ཁག་དང་ལས་ཁུངས་ ལྷན་ཚོགས་དང་ལས་འཛིན་ རྫོང་ཁག་དང་ལས་སྡེ་ དྲག་ཁག་སྒེར་སྡེ་ཚུ་ནང་ རྫོང་ཁ་གོང་འཕེལ་དང་རྒྱུན་སྐྱོང་གི་ལས་རིམ་ཚུ་འགོ་འདྲེན་འཐབ་ནི།

བལྟ་རྟོག་དང་ཁྱབ་སྤེལ།

ལྷན་ཁག་ རྫོང་ཁག་དང་ལས་སྡེ་ཚུའི་ངོ་ཚབ་འགོ་དཔོན་ཚུ་གི་ལཱ་ཤུལ་  བལྟ་རྟོག་འབད་དེ་ དེ་བསྟུན་གྱི་རྒྱབ་སྐྱོར་གྱི་ལས་རིམ་འགོ་འདྲེན་འཐབ་ནི།
ལྷན་ཁག་ རྫོང་ཁག་དང་ལས་སྡེ་ཚུའི་ངོ་ཚབ་འགོ་དཔོན་ཚུ་གི་ལཱ་ཤུལ་  བལྟ་རྟོག་འབད་དེ་ དེ་བསྟུན་གྱི་རྒྱབ་སྐྱོར་གྱི་ལས་རིམ་འགོ་འདྲེན་འཐབ་ནི།
ལྷན་ཁག་ རྫོང་ཁག་དང་ལས་སྡེ་ཚུ་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ཡིག་འགྲུལ་ཚུ་ རྫོང་ཁའི་ཐོག་ལུ་ལག་ལེན་འཐབ་ཐངས་བལྟ་རྟོག་འབད་དེ་ རྒྱབ་སྐྱོར་འབྱིན་ནི།
སྤེལ་ཁང་དང་སློབ་གྲྭའི་ཆོས་ཚན་ཚུའི་གནས་ཚད ་བལྟ་རྟོག་འབད་དེ་རྒྱབ་སྐྱོར་འབྱིན་ནི།
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་སྲིད་བྱུས་དང་གཞི་རྩ་ ཁྱད་རིག་དང་ཐབས་རིག་ཚུ་ རྒྱལ་ཁབ་ནང་ཁྱབ་སྤེལ་འབད་ནི།།