༈    རྫོང་ཁ་ཨིང་ལིཤ་ཤན་སྦྱར་ཚིག་མཛོད།

..  
 

ཆེད་བརྗོད།

༄༅། ནཱ་ལུ་ ཡོངས་འབྲེལ་ཐོག་ཡོད་མི་ རྫོང་ཁ་ཨིང་ལིཤ་ཚིག་མཛོད་འདི་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ སྤྱི་ལོ་ ༢༠༠༢ ལུ་པར་སྐྲུན་འབད་ཡོད་པའི་ རྫོང་ཁ་ཨིང་ལིཤ་གི་ཚིག་མཛོད་བསྐྱར་ཞིབ་འབད་མི་འདི་ཨིན། ཚིག་མཛོད་འདི་ དཔེ་གཟུགས་ནང་པར་སྐྲུན་འབད་ཡོད་མི་དང་ ཨ་ཙི་རེ་མ་འདྲ་བར་ཡོད་མི་འདི་ཡང་གཙོ་བོ་ འདི་ནང་ལུ་ མིང་ཚིག་ཡིག་སྡེབ་དུས་མཐུན་བཟོ་མི་ཚུ་ ཚུད་ཡོདཔ་མ་ཚད་ དཔེ་གཟུགས་ནང་ལུ་ མཛུབ་གནོན་རྐྱབ་ད་འཛོལ་བ་ཡོད་མི་ཚུ་ཡང་ ལེགས་བཅོས་འབད་དེ་ཡོད། འདི་འབདཝ་ལས་ ནཱ་ལུ་ཡོད་མི་འདི་ དཔེ་གཟུགས་ནང་ཡོད་མི་ལས་ དྲག་ནི་ཨིནམ་ལས་ དུས་མཐུན་གྱི་ཚིག་མཛོད་ཅིག་སྦེ་ ཆ་བཞག་གནང་ནི་དང་ གལ་སྲིད་འདི་ནང་ ད་རུང་ནོར་འཁྲུལ་རེ་འཐོན་སྲིད་ནི་ཨིནམ་ལས་ ནོར་བ་དང་འཛོལ་བ་ཚུ་བཅོས་ཐབས་ལུ་ ང་བཅས་ལུ་ རྒྱུད་འཕྲིན་ཡང་ན་གློག་འགྲེམ་ཐོག་ལས་ གསུང་གནང་ཟེར་ཞུ་ནི།

ཡོངས་འབྲེལ་ཐོག་གི་ཚིག་མཛོད་འདི་ ག་ར་ལུ་ ཤེས་ཡོན་འཐོབ་ཐབས་དང་ རྒྱབ་རྟེན་དོན་ལུ་ ག་དེ་དྲག་དྲག་ལག་ལེན་འཐབ་འོང་མནོ་བའི་རེ་བ་ཡོད། དེ་མ་ཚད་ ཡོངས་འབྲེལ་ལག་ལེན་འཐབ་མི་གཞན་དང་ གློག་རིག་ཡོངས་འབྲེལ་མཐུན་རྐྱེན་ཡོད་མི་གཞན་ཚུ་ལུ་ཡང་ རྫོང་ཁ་ཨིང་ལིཤ་ཚིག་མཛོད་ ཡོངས་འབྲེལ་ཐོག་ལུ་ཡོད་པའི་སྐོར་ལས་ གསུང་གནང་ཟེར་ཞུ་དགོ་མི་འདི་ཡང་ ག་ར་གི་ཕན་ཐབས་ལུ་དང་ ཚིག་མཛོད་ཡང་ཉོ་མ་དགོ་པའི་ཕན་ཐབས་ ཐོབ་ཐབས་ལུ་ཨིན། དཔེ་གཟུགས་ནང་ཡོད་པའི་ཚིག་མཛོད་འདི་ ཞུན་དག་དང་བསྐྱར་སྐྲུན་འབདཝ་ད་ ནཱ་ལུ་ཡོད་པའི་ཡོངས་འབྲེལ་ཐོག་གི་ཚིག་མཛོད་འདི་ཡང་ དུས་མཐུན་བཟོ་བཞག་འོང་། ང་བཅས་ཀྱི་རེ་བ་ལུ་ རྒྱལ་ཁབ་ནང་ ཡིག་སྡེབ་ལམ་ལུགས་གཅིག་སྦེ་འགྱོ་ཚུགས་ནི་དོན་ལུ་ ཡོངས་འབྲེལ་ཚིག་མཛོད་གཟིགས་མི་ག་ར་གིས་ ཚིག་མཛོད་འདི་ནང་གི་ཡིག་སྡེབ་དང་འཁྲིལ་ཏེ་ གཅིག་མཚུངས་སྦེ་ལག་ལེན་འཐབ་གནང་ཟེར་ཞུ་ནི་ཨིན།། །།

Dzongkha-English Dictionary

Foreword

This is an online Dzongkha-English Dictionary. The contents are based on the Dzongkha-English Dictionary which was published by the Dzongkha Development Commission in 2002 as the first of its kind. This online version may differ a little from the printed version in that it contains newly standardised Dzongkha spellings as well as additions and corrections of typographical errors in the dictionary published earlier. Therefore, this online dictionary can be considered as the updated version. But still mistakes may occur, for which we apologise, and we hope that you will let us know of these by phone or email so that they may be promptly corrected.

This online dictionary is as good as the printed version and we hope all will make good use of it for their own learning and reference. Please inform other online users and those with internet facilities of the existence of this dictionary so that all may benefit without having to purchase a copy. Any additions to the printed version, like editing and reprinting, will be reflected here as well. We wish all users to adopt the same Dzongkha spellings so that everyone in the country can use a uniform and standard Dzongkha orthography.

 

 
| Home |
KA | KHA | GA| NGA| CA | CHA | JA | NYA | TA | THA | DA | NA | PA | PHA | BA | MA
| TSA | TSHA | DZA | WA | ZHA | ZA | 'A  | YA | RA | LA | SHA | SA | HA | A |
 
Copyright: Dzongkha Development Commission 2010
All Rights Reserved
last updated: 2011-12-14 10:59