རྫོང་ཁ་གོང་འཕེལ་ལྷན་ཚོགས་བསྐྱར་འཛུགས།
སྤྱི་ཚེས་ ༠༨/༠༡/༠༩ ལུ་གཞུང་གི་བཀའ་རྒྱ་ཨང་ ལྷན་གཞུང་/ལྷན་འབྲེལ་༠༢/༠༩/༩༦༥ ཅན་མ་དང་འཁྲིལ་ཏེ་ གཤམ་འཁོད་འཐུས་མི་ཚུ་ བསྐོ་བཞག་གནངམ་དང་འབྲེལ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་འདི་ ལོག་གཞི་བཙུགས་མཛད་གནང་ཡི།
| ༡ | མི་རྗེ་བློན་ཆེན་མཆོག། | ཁྲི་འཛིན། |
| ༢ | མི་རྗེ་ཤེས་རིག་བློན་པོ། | ཁྲི་འཛིན་འོག་མ། |
| ༣ | མི་རྗེ་ལཱ་གཡོག་དང་མི་སྟོབས་བློན་པོ། | འཐུས་མི། |
| ༤ | རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན། | འཐུས་མི། |
| ༥ | འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ གཙུག་ལག་དབང་པོ་འོག་མ། |
འཐུས་མི། |
| ༦ | དྲང་ཁྲིམས་ལྷན་སྡེ་གི་ངོ་ཚབ་གཅིག། | འཐུས་མི། |
| ༧ | སྲོལ་འཛིན་ལས་ཁུངས་ཀྱི་མདོ་ཆེན། | འཐུས་མི། |
| ༨ | སྐད་ཡིག་དང་ལམ་སྲོལ་སློབ་སྦྱོང་ཁང་གི་མདོ་ཆེན། | འཐུས་མི། |
| ༩ | རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན། | འཐུས་མི་དྲུང་ཆེན། |