རྫོང་ཁ་མཉམ་འབྲེལ་འགོ་དཔོན་ཚུ་གི་ལཱ་འགན་གཤམ་གསལ་ལྟར།
༡ རྫོང་ཁ་གོང་འཕེལ་དང་དར་ཁྱབ་ཀྱི་སྲིད་བྱུས་དང་འཆར་གཞི་ཚུ་ ལྷན་ཚོགས་ཀྱི་བཀོད་ཁྱབ་དང་འཁྲིལ་ཏེ་ རང་སོའི་མངའ་ཁོངས་ནང་ལག་ལེན་འཐབ་ནི།
རང་སོའི་ལྷན་ཁག་དང་ ལས་འཛིན་ རྫོང་ཁག་ཚུ་ནང་ལུ་ རྫོང་ཁ་ནང་ལག་ལེན་འཐབ་ནི་འོས་འབབ་ཡོད་པའི་ལཱ་ཚུ་ རིམ་པ་བཞིན་དུ་ངོས་འཛིན་འབད་ནི།
ངོས་འཛིན་འབད་མིའི་འོས་འབབ་ཡོད་པའི་ལཱ་རིགས་ཚུ་ལུ་མཁོ་བའི་ཞིབ་འཚོལ་དང་ ལཱ་གཞི་དཔེ་ཚད་ཚུ་བཟོ་ནི།
རྫོང་ཁའི་ཚིག་གི་མཛོད་ཕྱུགཔོ་བཟོ་ནིའི་དོན་ལུ་དང་ རྫོང་ཁ་དང་ལུང་པའི་ཁ་སྐད་ཚུ་གི་བར་ན་ ཤན་སྦྱར་ཡིག་ཆ་ཚུ་གོང་འཕེལ་གཏང་ནིའི་དོན་ལུ་ རང་སོའི་མངའ་ཁོངས་ཀྱི་ལུང་པའི་ཁ་སྐད་ཚུ་ནང་ཡོད་པའི་མིང་ཚིག་ཚུ་བསྡུ་ལེན་འབད་ནི།
༥ རང་སོའི་ལུང་པའི་ཁ་སྐད་ནང་ལུ་ཡོད་པའི་སྲུང་དང་གཏམ་རྒྱུད་ཚུ་ ཞིབ་འཚོལ་དང་བསྡུ་སྒྲིག་འབད་ནི།
༦ རང་སོའི་ལུང་པའི་ཁ་སྐད་ནང་ལུ་ཡོད་པའི་ཞབས་ཁྲ་དང་ བློ་ཟེ་ རྩང་མོ་ཚུ་ཞིབ་འཚོལ་དང་ བསྡུ་སྒྲིག་འབད་ནི།
༧ རང་སོའི་ལུང་པའི་ཁ་སྐད་ནང་ལུ་ཡོད་པའི་དཔྱེ་གཏམ་དང་ ཁ་བཤད་ བསླབ་བྱ་ཚུ་ ཞིབ་འཚོལ་དང་ བསྡུ་སྒྲིག་འབད་ནི།
༨ རང་སོའི་མངའ་ཁོངས་ནང་ལུ་རྫོང་ཁའི་ལག་ལེན་གཅིག་མཚུངས་བཟོ་ནིའི་ལཱ་ཚུ་འབད་ནི།
༩ རང་སོའི་མངའ་ཁོངས་ཀྱི་སྤྱིར་བཏང་འབྲུག་མི་ཚུ་གི་རྒྱུད་ལུ་ རྫོང་ཁའི་རིག་རྩལ་དང་ལྕོགས་གྲུབ་ཡར་དྲག་གཏང་ནིའི་དོན་ལུ་ ལས་རིམ་སྣ་ཚོགས་བརྩམས་ཏེ་ལག་ལེན་འཐབ་ནི།
༡༠ རང་སོའི་མངའ་ཁོངས་ཀྱི་སློབ་ཕྲུགཔ་དང་གཞི་རྟེན་ཤེས་ཡོན་སློབ་སྦྱོང་པ་ཚུ་གི་རྫོང་ཁའི་འབྲི་ལྷག་སླབ་གསུམ་གྱི་ལྕོགས་གྲུབ་ཡར་དྲག་བཟོ་ནིའི་དོན་ལུ་ ལས་རིམ་བརྩམས་ཏེ་ལག་ལེན་དངོས་སུ་འཐབ་ནི།
༡༡ རང་སོའི་མངའ་ཁོངས་ནང་ རྫོང་ཁའི་གློག་རིག་སྦྱོང་བརྡར་བྱིན་ནི།
༡༢ རང་སོའི་མངའ་ཁོངས་ནང་ རྫོང་ཁ་ལག་ལེན་གྱི་ལྟ་རྟོག་དང་དབྱེ་ཞིབ་འབད་དེ་རྒྱབ་སྐྱོར་བྱིན་ནི།
༡༣ རྫོང་ཁ་གོང་འཕེལ་དང་དར་ཁྱབ་ཀྱི་དོན་ལུ་ འོས་འབབ་ཆེ་བའི་སྲིད་བྱུས་ཀྱི་རྒྱབ་སྣོན་བསམ་འཆར་དང་གྲོས་འཆར་ཚུ་ ལྷན་ཚོགས་ཡིག་ཚང་ནང་ཕུལ་ནི།
༡༤ རང་སོའི་མངའ་ཁོངས་ནང་ རྫོང་ཁ་ལག་ལེན་ཚུ་ ཚད་ལྡན་ཡོད་མེད་ཀྱི་ཞིབ་དཔྱད་འབད་དེ་ དང་ལེན་འབད་ནི།
༡༥ རང་སོའི་མངའ་ཁོངས་ཀྱི་གནས་རིམ་ནང་ལུ་ རྫོང་ཁ་ལག་ལེན་དང་འབྲེལ་བའི་གནང་བ་ཚུ་ ལྷན་ཚོགས་ཡིག་ཚང་གི་བཀོད་རྒྱ་དང་འཁྲིལ་སྤྲོད་ནི།
༡༦ རང་སོའི་མངའ་ཁོངས་ནང་གི་ལོ་བསྟར་རྫོང་ཁ་གོང་འཕེལ་དང་དར་ཁྱབ་ཀྱི་འཆར་གཞི་དང་འཆར་དངུལ་ཚུ་བཟོ་ནི།
རྫོང་ཁ་མཉམ་འབྲེལ་འགོ་དཔོན་ཚུ་གི་ལས་འཆར།
༡ ལོ་ལྔའི་འཆར་གཞི་རྩོམ་ནི།
༢ ལོ་འཁོར་འཆར་གཞི་རྩོམ་ཏེ་ ལག་ལེན་འཐབ་ནི།
༣ འཆར་གཞི་དང་བསྟུན་པའི་མ་དངུལ་མཁོ་གྲུབ་འབད་ནི།
༤ རྫོང་ཁ་ཡར་རྒྱས་ཀྱི་ཐབས་ཤེས་སྟོན་ཐབས་ལུ་ ཞལ་འཛོམས་འགོ་འདྲེན་འཐབ་ནི།
༥ རྫོང་ཁ་ཡར་དོན་ལུ་ རིག་བསྡུར་འདྲ་མིན་སྣ་ཚོགས་འགོ་འདྲེན་འཐབ་ནི།