དམིགས་དོན།
རྫོང་ཁའི་སྲུང་དང་གཏམ་རྒྱུད་ཚུ་ ང་བཅས་རའི་རྒྱལ་ཁབ་ནང་ དང་ཕུ་ལས་རང་ཕམ་ཚུ་གིས་ ངག་ཐོག་ལས་བཤད་སྲོལ་ཡོད། འདི་ཚུ་ནང་ལས་རིག་པ་གསརཔ་ཐོབ་ནི་ཡོད་པའི་ཁར་ ཉན་མི་ཚུ་གི་སེམས་ཁ་ལུ་སྤྲོ་བ་ཡང་བསྐྱེད་ཚུགསཔ་མ་ཚད་ སྔར་སྲོལ་ལམ་ལུགས་ཉམས་མ་བཅུག་པར་བཞག་ནི་ལུ་ཕན་ཐོག་ཡོད། དེ་འབད་ནི་འདི་གིས་ ད་རེས་ང་གིས་དང་ཕུ་གི་ངག་རྒྱུན་ལུ་ཡོད་མི་སྲུང་ཅིག་འོག་ལུ་བཀོད་བཀོད་དེ་ཡོདཔ་ལས་ ཡོངས་འབྲེལ་འཆར་སྒོ་གཟིགས་མི་ཚུ་ལུ་སྤྲོ་བ་འབྱུང་ཚུགས་པའི་རེ་བ་ཡོད།
བུ་རིག་་པ་ཅན།
དང་ཕུ་གཡུས་ཅིག་ནང་ ཨཔ་ཅིག་་དང་ཨམ་ཅིག་ཡོདཔ་མས། ཁོང་གཉིས་ལུ་རྒྱུ་ ཅ་ལ་ལེ་ཤ་ཡོད་རུང་ ཨ་ལུ་གཅིག་ཡང་མེད་པར་སེམས་སྐྱོ་སྟེ་རང་སྡོད་དོ་ཡོདཔ་མས། ཉིནམ་གཅིག་འབདཝ་ད་ ཨའི་ཆུ་ལེན་པར་འགྱོ་བའི་བསྒང་ ཨ་ལུ་ཅིག་ཐོབ་ལས་སེམས་དགའ་དྲག་ཏེ་ སྟེ་ ལེགས་ཤོམ་སྦེ་གསོ་སྐྱོང་འབད་དེ་བཞག་ནུག། ཡུདཔ་ཅིག་ཁ་ལས་ རྐང་གཡོག་ལག་གཡོག་རྐྱབ་ཚུགསཔ་འགྱོ་བའི་བསྒང་ ཨཔ་གླང་རྨོ་སྟེ་སྡོདཔ་ད་ གཡུས་འདི་ཁའི་རྒྱལ་པོ་བྱོན་ཏེ་ གླང་རྨོཝ་ད་ གོམ་ཐེངས་གྱངས་ཁ་རྐྱབ་དགོ་ཟེར་བཀའ་གནང་ནུག། ཨ་པ་གིས་གྱངས་ཁ་དང་འཁྲིལ་ཏེ་ འཁརཝ་བཙུགས་ཏེ་བཞག་མི་འདི་ ཨ་ལུ་གིས་འཐོང་ཏེ་འབལ་བཀོ་ནུག། དོ་རུང་ནངས་པར་རྒྱལ་པོ་བྱོན་ཏེ་ གྱངས་ཁ་རྐྱབ་མ་རྐྱབ་འདྲིཝ་ད་ ཨ་ལུ་གིས་འབལ་བཀོ་བའི་ལོ་རྒྱུས་ཞུ་ནུག། དོ་རུང་རྒྱལ་པོ་གིས་ རྟ་ཕོ་ཆེན་ཅིག་གནང་སྟེ་ ཕྱུ་གུ་འཚའ་བཅུག་དགོ་པའི་བཀའ་གནང་ནུག།
ཚར་གཅིག་འབདཝ་ད་ རྒྱལ་དེ་རྟ་ཕོ་ཆེན་གྱིས་ ཕྱུ་གུ་འཚའ་མི་འཚའ་གི་གྱི་སྐོར་ལས་འདྲི་བར་བྱོནམ་ད་ དེ་བསྒང་ཨ་ལུ་དང་ཕྱད་དེ་ དྲི་བ་གནངམ་ད་ ཨ་ལུ་འདི་གིས་ རྒྱལཔོ་ཕོ་བྲང་ལས་ནཱ་ཚུན་ཚོད་གོམ་ཐེངས་གྱངས་ཁ་གནང་ཡི་ག་ཟེར་ཞུ་ནུག། རྒྱལ་པོ་ག་ནི་ཡང་གསུང་མ་ཚུགས་པར་འདྲིཝ་ད་ ཨ་པ་སྨན་ཁང་ནང་ཨ་ལུ་སྐྱེ་བར་ཡར་སོང་ཡི་ཟེར་ཞུ་ནུག། ཝ་ད ཨ་པ་གིས་ཨ་ལུ་སྐྱེས་བའི་ཟེར་བའི་ཟེར་ག་ཏེ་ཡོདཔ་སྨོ་གསུངསམ་ད་ ཨ་ལུ་གིས་རྟ་ཕོ་ཆེན་གྱིས་ཡང་ཕྱུ་གུ་མི་འཚའ་ཟེར་བའི་ཟེར་ག་ཏེ་ཡོདཔ་སྨོ་ཟེར་ཞུཝ་ད་ དོ་རུང་ཡང་རྒྱལ་པོ་ག་ནི་ཡང་གསུང་མ་ཚུགས་པས། བུ་འདི་རིག་པ་འདུག་མནོ་བའི་ཐུགས་བཞེད་གནང་སྟེ་ བློན་པོ་སྦེ་བཀལ་ཞིནམ་ལས་ཚུར་ ཨཔ་དང་ཨའི་གཉིས་ཡང་ དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་སྦེ་སྡོད་པའི་དུས་ཤར་ནུག་གོ།