གནས་ཚུལ་དང་གསལ་བསྒྲགས།

གནས་ཚུལ།

 

རྫོང་ཁ་གོང་འཕེལ་ལྷག་ཚོགས་ཀྱི་གྲོས་ཚོགས་ཐེངས་༡༡ པ།

conference

ལོ་གཉིས་བར་ཚར་རེ་ཚོགས་པའི་ རྫོང་ཁ་གོང་འཕེལ་ལྷག་ཚོགས་ཀྱི་གྲོས་ཚོགས་འདི་ས་གནས་མོང་སྒར་ལུ་ སྤྱི་ལོ་༢༠༡༡ ཟླ་༡༡ པའི་ཚེས་༡༠-༡༣ ཚུན་ཚོགས་ཡོད།

སྤྱི་ལོ་༢༠༡༡ ཟླ་༨ པ།

སྤྱི་ཚེས་ ༡༩/༠༨/༡༡ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ དཔེ་དེབ་གསརཔ་༩ དང་ སྲབ་འཁོར་ནང་གློག་ཐོག་ཚིག་མཛོད་ཅིག་ གསར་བཏོན་འབད་ཡོད།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ལྷོ་ཀོ་རི་ཡའི་ ཨ་རི་རང་ལས་སྡེ་ལས་ ལེབ་ཀྲོབ་གློག་རིག་ཞལ་འདེབས་ཐོབ་ཡོདཔ།


སྐྱེས་པ་ཡོང་ཧོ་ཧཱན་དང་ དྲགོས་ཤེས་རབ་རྒྱལ་མཚན་ སྐྱེས་པ་བེ་ཨོང་ཏེ་ཡཱུན།
སྤྱི་ཚེས་ ༡༧/༠༨/༡༡ ལུ་ ལྷོ་ཀོ་ར་ཡའི་རྒྱལ་ས་སི་ཨཱོལ་ལུ་ཡོད་པའི་ ཨ་རི་རང་གློག་མེ་བཟོ་སྐྲུན་ལས་སྡེའི་ ཁྲི་འཛིན་སྐྱེས་པ་བེ་ཨོང་ཏེ་ཡཱུན་དང་ ཚོགས་གཙོ་སྐྱེས་པ་ཡོང་ཧོ་ཧཱན་དང་གཉིས་ཀྱི་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ལཱ་དང་ རྫོང་ཁའི་གློག་རིག་གོང་འཕེལ་གཏང་ཐབས་ལུ་ ལེབ་ཀྲོབ་གསརཔ་༡༤ ཞལ་འདེབས་གནང་ཡོད།

 

རྫོང་གོང་ལྷན་ཚོགས་ཀྱི་གྲུབ་འབྲས་སྙན་ཞུ་གསར་བཏོན།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ འདས་པའི་འཆར་ལོ་ (སྤྱི་ལོ་ ༢༠༡༠ ཟླ་ ༧ པ་ལས་ ༢༠༡༡ ཟླ་ ༦ པ་ཚུན་) གྱི་གྲུབ་འབྲས་ འཕྲལ་ཁམས་ཅིག་ཁར་གསར་བཏོན་འབད་ཡོད། སྙན་ཞུ་འདི་ ལྷན་རྒྱས་གཞུང་ཚོགས་ནང་ཕུལ་མིའི་འདྲ་འདི་ཨིན། འདི་ནང་ ན་ཧིང་གི་ འཆར་ལོ་འདི་ནང་གི་གྲུབ་འབྲས་ མདོར་བསྡུས་སྦེ་ཚུད་དེ་ཡོད།PDF file

སྤྱི་ལོ་ ༢༠༡༡ ཟླ ༤ པ།:

ཨིང་ལིཤ་རྫོང་ཁ་དེབ་ཆུང་ཚིག་མཛོད་ ༡༥༠༠ བ་འཇོ་ཐང་འབྲིང་རིམ་སློབ་གྲྭ་གོང་མ་ནང་བཀྲམ་ཡི།


མ་ས་ཧ་རུ་ཨི་ཌོ་ (Masaharu IDO) ཇ་པཱན་དང་འབྲུག་མཐུན་འབྲེལ་ཚོགས་པའི་སྐུ་ཚབ་དང་ རྫོང་ཁ་གོང་འཕེལ་ལྷན་ཚོགས ཀྱིས་དྲུང་ཆེན་ དྲགོས་ཤེས་རབ་རྒྱལ་མཚན།

ཧོན་ཌའི་མ་དངུལ་གྲོགས་རམ་ཐོག་ལས་ སྤྱི་ལོ་ ༢༠༡༡ ཟླ་ ༤ པའི་ཚེས་ ༡༡ ལུ་ རྫོང་ཁ་ཨིང་ལིཤ་ དེབ་ཆུང་ཚིག་མཛོད་འདྲ་ གཅིག་སྟོང་ལྔ་བརྒྱ་ (༡༥༠༠) པར་བཏབ་ཅི། དེ་ཚུ་ཡང་ ཇ་པཱན་དང་འབྲུག་མཐུན་འབྲེལ་ཚོགས་པའི་སྐུ་ཚབ་ མ་ས་ཧ་རུ་ཨི་ཌོ་ (Masahaaru IDO) གིས་བ་འཇོ་ཐང་དང་སྤུ་ན་ཁ་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་ཚུ་ལུ་བཀྲམ་སྤེལ་གནང་ཡི།
ཡོངས་འབྲེལ་འཆར་སྒོའི་གདོང་ཤོག་གི་པར་རིས་ནང་གཟིགས་གནང་།


བློན་པོ་མི་འགྱུར་རྡོེ་གིས་ཆོས་སྐད་རྫོང་ཁ་ཚིག་མཛོད་གསར་བཏོན།

 
སྤྱི་ལོ་ ༢༠༡༡ ཟླ ༤ པ། ཆོས་སྐད་རྫོང་ཁ་ཚིག་མཛོད་ཆེན་མོ་ འོད་ཟེར་བརྒྱ་པ་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གཞི་རྩ་ཟེར་མི་གློག་བརྙན་གསར་བཏོན།

སྤྱི་ལོ་ཟླ་ ༤ པའི་ཚེས་ ༤ ལུ་ མི་རྗེ་ནང་སྲིད་བློན་པོ་མཆོག་གིས་ ཆོས་སྐད་རྫོང་ཁ་ཚིག་མཛོད་ཆེན་མོ་ འོད་ཟེར་བརྒྱ་པ་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གཞི་རྩ་ཟེར་མི་གློག་བརྙེན་ ཐིམ་ཕུག་རྒྱལ་ཡོངས་དཔེ་མཛོད་ཡིག་ཚང་གི་ཞལ་འཛོམས་ཁང་ནང་སྦེ་ གསར་བཏོན་མཛད་གནང་ཡི།

ཚིག་མཛོད་དེའི་པི་ཌི་ཨེཕ་འདྲ་བཤུས་འདི་ ཡོངས་འབྲེལ་འཆར་སྒོ་འདི་གི་ པར་སྐྲུན་སྡེ་ཕྲན་ནང་ལས་འཐོབ་ཚུགས།

སྤྱི་ལོ་༢༠༡༡ སྤྱི་ཟླ་༠༢: ཨིང་ལིཤ་རྫོང་ཁ་ཤན་སྦྱར་དེབ་ཆུང་ཚིག་མཛོད་དང་ བརྡ་གཞུང་དཔེ་དེབ་གསར་བཏོན།


Mr. Henrik Nielsen, Representative of Denmark, and Dasho Sherub Gyaltshen, Secretary DDC

རྫོང་ཁ་ཨིང་ལིཤ་དེབ་ཆུང་ཚིག་མཛོད་དང་ རྫོང་ཁའི་བརྡ་གཞུང་རིམ་པ་གསུམ་འབད་མིའི་དཔེ་དེབ་ཚུ་ མི་དབང་འབྲུག་རྒྱལ་ལྔ་པ་མཆོག་གི་འཁྲུངས་སྐར་དུས་སྟོན་བརྩི་སྲུང་གི་ཉིནམ་དང་འབྲེལ་ སྤྱི་ཚེས་ ༢༢/༠༢/༢༠༡༡ ལུ་ མི་དབང་རྒྱལ་ཡུམ་ཨ་ཞེ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ སྐལ་སྐྱིད་སློབ་གྲྭ་ཆེ་བའི་ནང་ གསར་བཏོན་མཛད་གནང་ཡི།

ཨིང་ལིཤ་རྫོང་ཁ་ཤན་སྦྱར་དེབ་ཆུང་ཚིག་མཛོད་པར་ཐེངས་དང་པ་འདི་ ཌེན་མརཀ་སྐུ་ཚབ་ཡིག་ཚང་གི་མ་དངུལ་གྲོགས་རམ་ཐོགས་ལས་ པར་སྐྲུན་འབད་ཚུགས་ཡོདཔ་དང་ གྲོགས་རམ་འདི་ལས་བརྟེན་ སློབ་རིམ་ ༨ པ་ལས་ ༡༢ ཚུན་གྱི་སློབ་ཕྲུག་ག་ར་ལུ་རིན་མེད་ཐོགས་བཀྲམ་སྤེལ་འབད་ནི་ཨིན།

ཚིག་མཛོད་དེའི་པི་ཌི་ཨེཕ་འདྲ་བཤུས་འདི་ ཡོངས་འབྲེལ་འཆར་སྒོ་འདི་གི་ པར་སྐྲུན་སྡེ་ཕྲན་ནང་ལས་འཐོབ་ཚུགས།

 

སྤྱི་ལོ་༢༠༡༠ སྤྱི་ཟླ་༡༢: གློག་རིག་ཁྱད་རིག་པ་ཚུ་གི་དོན་ལུ་ རྫོང་ཁའི་གློག་རིག་ལག་ལེན་སྦྱོང་བརྡར།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༠ སྤྱི་ཟླ་༡༢ པའི་སྤྱི་ཚེས་༦ལས་༡༡ཚུན་ བདུན་ཕྲག་གཅིག་གི་རིང་ལུ་ ས་གནས་དགེ་ལེགས་ཕུག་ལུ་སྦེ་ རྫོང་ཁག་ཉི་ཤུའི་གློག་རིག་འགོ་དཔོན་དང་ སྒེར་སྡེའི་རྫོང་ཁའི་སློབ་སྦྱོང་སྤེལ་ཁང་གསུམ་ནང་གི་ གློག་རིག་སློབ་སྟོན་པ་ སེམས་རྟོག་ཁ་རིག་གཞུང་མཐོ་རིམ་སློབ་གྲྭའི་བརྡ་དོན་འགོ་དཔོན་ཚུ་དང་བཅས་མི་གྲངས་་་་་་་་་་་་་་་ལུ་ རྫོང་ཁའི་གློག་རིག་ལག་ལེན་སྦྱོང་བརྡར་ཅིག་འགོ་འདྲེན་འཐབ་ཅི།


བདུན་ཕྲག་གཅིག་གི་ སྦྱོང་བརྡར་འདི་ནང་ལུ་ ཨུ་ནི་ཀོཌ་དང་ ཨོ་པཱན་ ཊ་ཡིཔ་ ཕོནཊི་ རྫོང་ཁ་དང་ཡུ་ནི་ཀོཊ་ཨིས་ཊེན་ཌཊ་ ཝིན་ཌོ་ཨེས་པི་དང་ ཝིན་ཌོ་བིས་ཊ་  ཝིན་ཌོ་སེ་བེན་ནང་ རྫོང་ཁའི་རིམ་ལུགས་བཙུགས་ཐངས་དང་ ལི་ནགསི་ དང་ ཨེ་པཱལ་ ཨོ་ཨེས་ཨེཀསི་ དེ་ལས་ མའི་ཀོ་རོ་སོཕཊི་ ༢༠༠༣དང༢༠༠༧ནང་ལུ་ རྫོང་ཁའི་ལས་རིམ་བཙུགས་ཐངས་དང་ལག་ལེན་ ཨོ་པཱན་ཨོ་ཕིསི་ནང་ལུ་ རྫོང་ཁའི་ལས་རིམ་བཙུགས་ཐངས་དང་ ལག་ལེན་འཐབ་ཐངས་ཚུ་ སྟོན་ཡོད་པའི་ཁར་ ཨེམ་ཨེས་ཝོཊི་དང་ ཨོ་པཱན་ཨོ་ཕིསི་ཚུ་ནང་ལུ་ དཔེ་ཆའི་སྒྲིག་གཞི་བཟོ་ཐངས་དང་ རྫོང་ཁ་ཡུ་ནི་ཀོཊ་གི་ཡིག་རིགས་ཚུ་གོ་རིམ་སྒྲིག་ཐངས་དང་ཕྱི་སེལ་རྐྱབ་ཐངས་ རྫོང་ཁའི་གློག་རིག་ཡོངས་འབྲེལ་བཟོ་ཐངས་ཀྱི་ གཞི་རྟེན་རིག་པ་ཚུ་སློབ་སྟོན་འབད་ཡོདཔ་མ་ཚད་ རྫོང་ཁའི་ཐོག་ལུ་ ཨ་པ་ཅི་ཝེབ་དང་ མའི་སོལ་ཝེབ་ སར་བར་ཚུ་ འཚོལ་ཐངས་དང་ལག་ལེན་འཐབ་ཐངས་ ཨེ་ཌོ་བི་(Adobe) ཨིན་ཌི་ཟའེན་ (in-design) གི་ལས་རིམ་ནང་ལུ་ རྫོང་ཁ་ལག་ལེན་འཐབ་ཐངས་དང་ རྫོང་ཁའི་ཡིག་གཟུགས་བཟོ་ཐངས་ཚུ་གི་སྐོར་ལས་སློབ་སྟོན་འབད་ཡི།

 

སྤྱི་ལོ་༢༠༡༠ སྤྱི་ཟླ་༡༠པ: འགྲུལ་འཕྲིན་(mobiles) ནང་ལུ་རྫོང་ཁ་ལག་ལེན་འཐབ་ཐངས།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་བཟོ་ཡོད་པའི་རྫོང་ཁའི་ཡིག་གཟུགས་དང་ གློག་རིག་གི་ལྡེ་སྒྲོམ་ཚུ་ ཨེས་མཊ་འགྲུལ་འཕྲིན་དག་པ་ཅིག་ནང་ལུ་ མོ་བཏབ་ཀྱི་དོན་ལུ་ལག་ལེན་འཐབ་བཏུབ་སྦེ་ཡོད།

རྫོང་ཁ་ཡུ་ནི་ཀོཊ་གི་ལག་ཆས་ཧེང་བཀལ་གོང་འཕེལ་དང་རྒྱ་བསྐྱེད་གཏང་ཐབས་ལུ་ མ་འོངས་ལོ་ངོ་དག་པ་ཅིག་གི་ནང་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ འགྲུལ་འཕྲིན་(mobiles) གཞན་ཡང་མང་རབས་ཅིག་ནང་ལུ་ རྫོང་ཁའི་ལག་ལེན་འཐབ་བཏུབ་བཟོ་ནི་གི་འཆར་གཞི་ཚུ་བརྩམ་པའི་སྒང་ཡོད། འགྲུལ་འཕྲུལ་དེ་ཚུ་གི་གྲངས་སུ་ ཨེ་ནོ་རོཌ་ དང་ ཨའི་ཨེས་ཨོ་(ཨའི་ཕོན)་ མི་གོ་(ལི་ནགསི) ཝིན་ཌོ་སེ་བེན་གྱི་རིམ་ལུགས་དང་འཁྲིལ་བའི་འགྲུལ་འཕྲིན་ཚུ་ནང་ལུ་ཡང་འགྱོ་བཏུབ་སྦེ་བཟོ་ནི་གི་འཆར་གཞི་ཡོད་པའི་ཁར་ ཊེབ་ལེཊི་གློག་རིག་དང་ ཨི-བུཀ མ་འདྲཝ་ཚུ་ནང་ལུ་ཡང་ ལག་ལེན་འཐབ་བཏུབ་བཟོ་ནི་གི་འཆར་གཞི་ཚུ་བརྩམ་པའི་སྒང་ཡོད།

དེ་གིས་ཡང་མ་དོ་བར་ ང་བཅས་ཀྱིས་ ང་བཅས་ཀྱི་ཡིག་ཚང་ནང་ལུ་བཟོ་ཡོད་པའི་ ཚིག་མཛོད་ཀྱི་རིགས་དང་ རྫོང་ཁ་ལྷབ་ནི་གི་དཔེ་དེབ་རིགས་གཞན་ཚུ་ཡང་ འགྲུལ་འཕྲིན་(mobiles) ཐད་ཀར་བཙུགས་བཏུབ་སྦེ་བཟོ་ནི་གི་འཆར་གཞི་ཡོད།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་བཟོ་ཡོད་པའི་རྫོང་ཁའི་གློག་རིག་གི་ལྡེ་སྒྲོམ་ འགྲུལ་འཕྲིན་ནོ་ཀི་ཡ་ N900 ནང་ལུ་ལག་ལེན་འཐབ་ཡོདཔ། རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་རྩོམ་སྒྲིག་འབད་ཡོད་པའི་ རྫོང་ཁ་ཨིང་ལིཤ་ཤན་སྦྱར་ཚིག་མཛོད་འདི་ ནོ་ཀི་ཡའི་ འགྲུལ་འཕྲིན་ནང་ལུ་ལག་ལེན་འཐབ་བཏུབ་སྦེ་ཡོདཔ

(པར་བཏབ་མི་ལུ་བཀའ་དྲིན་དྲན་ཚོར།: Boaz Shmueli)

Dzongkha Keyboard on Nokia Smartphone
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དབུ་ཅན་གྱི་ཡིག་གཟུགས་འདི་ ཨེན་རོའིཌི༌འགྲུལ༌འཕྲིན༌ནང༌ལུ༌ལག༌ལེན༌འཐབ༌བཏུབ༌སྦེ༌ཡོདཔ།

 

ནངས་པར་ལས་ ཀུན་གསལ་གྱིས་རྫོང་ཁ་ཡུ་ནི་ཀོཌ་གི་ ལག་ལེན་འགོ་བཙུགས་ནི།

ཀུན་གསལ་གྱིས་ལོ་ངོ་བཅུ་ཕྲག་ལས་བཅད་དེ་ འབྲུག་དབུ་ཅན་ཟེར་ ཨེ་པཱལ་ཀམ་པུས་ཊར་ནང་རྐྱངམ་གཅིག་ ལག་ལེན་འཐབ་བཏུབ་མི་ རྫོང་ཁའི་་ཡིག་བཟོ་ ལག་ལེན་འཐབ་མི་དེ་ནངས་པར་ལས་

རྫོང་ཁ་ཡུ་ནི་ཀོཊ་ནང་ ལག་ལེན་འཐབ་ནི་འགོ་བཙུགས་ནི་ཨིན་པས།
དེ་ཡང་གཙོ་བོ་ར་རྒྱལ་ཁབ་ནང་ ལྷན་ཁག་དང་ལས་ཁུངས་ལས་འཛིན་དང་སྒེར་སྡེ་ཚུ་གིས་རྫོང་ཁ་ཡུ་ནི་ཀོཊ་ ལག་ལེན་འཐབ་ནི་དང་ གཅིག་མཚུངས་བཟོ་ཐབས་ལུ་ཨིན་པས།
ཨེ་པཱལ་ཀམ་པུས་ཊར་ནང་ རྫོང་ཁ་ཡུ་ནི་ཀོཊ་ ལག་ལེན་འཐབ་བཏུབ་སྦེ་ བཟོ་ཚུགས་མི་དེ་ཡང་ རྫོངཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྫོང་ཁ་ཡུ་ནི་ཀོཊ་ལས་འགུལ་གྱི་ གྲོས་སྟོན་པ་ཅིག་ ཕྱི་རྒྱལ་ལས་འབོ་སྟེ་ མཉམ་འབྲེལ་ཐོག་ལས་ཕན་གནད་ཆེ་བའི་ ཐབས་རིག་ཚུ་བཏོན་པའི་ ལཱ་གི་གྲུབ་འབྲས་དངོས་མཐོང་ཅིག་ཨིན་པས།
གྲོས་སྟོན་པ་ ཀི་རིས་ཕེན་གྱིས་ཀུན་གསལ་ལུ་ སླབ་མིའི་ནང་ ཨེ་པཱལ་ཀམ་པུས་ཊར་ནང་ རྫོང་ཁ་ཡུ་ནི་ཀོཊ་ ལག་ལེན་འཐབ་བཏུབ་བཟོ་ནིའི་དོན་ལུ་ དམིགས་བསལ་གྱི་མཉེན་ཆས་ཚུ་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
ད་ལྟོ་ཚུན་ ཨེ་པཱལ་ཀམ་པུས་ཊར་ནང་ ལྷན་ཁག་དང་ ལས་ཁུངས་ཁག་གི་རྫོང་ཁའི་བརྡ་དོན་ཚུ་ ཡུ་ནི་ཀོཊ་ནང་འབད་མི་ལུ་བརྟེན་ ཁ་ཕྱེ་མ་བཏུབ་པའི་ཁར་ཡོངས་འབྲེལ་བརྒྱུད་ལམ་ཡང་ ལག་ལེན་འཐབ་མ་བཏུབ་པའི་དཀའ་ངལ་བྱུང་སྟེ་ཡོདཔ་ཨིན་པས།
ཨེ་པཱལ་ཀམ་པུས་ཊཪ་གྱི་ རྫོང་ཁ་འབྲུག་དབུ་ཅན་དང་པི་སི་ཀམ་པུས་ཊཪ་གྱི་ རྫོང་ཁ་ཡུ་ནི་ཀོཊ་དེ་གཅིག་མཚུངས་མེད་པའི་ཁར་ ཐ་ན་མཛུབ་གནོན་གྱི་ ལྡེ་སྒྲོམ་དེ་ཡང་མ་འདྲཝ་སྦེ་ སོ་སོར་ཡོད་ནི་དེ་གིས་རྫོང་ཁའི་གློག་རིག་ལག་ལེན་འཐབ་མི་ཚུ་ ཨེ་པཱལ་ནང་ཉམས་མྱོང་ཡོད་རུང་ པི་སི་ལག་ལེན་འཐབ་མ་ཚུགསཔ་ད་ དེ་བཟུམ་སྦེ་པི་སི་ནང་ཉམས་མྱོང་ཡོད་རུང་ ཨེ་པཱལ་གྱི་གློག་རིག་ རྩ་ལས་ར་ལག་ལེན་འཐབ་མ་ཚུགས་པའི་་དཀའ་ངལ་བྱུང་མི་ ད་ལས་ཕར་བསལ་ཚུགས་ནི་ཨིནམ་ལས་སྟབས་བདེ་ཏོག་ཏོ་འགྱོ་ནི་ཨིན་པས།
ཨེ་པཱལ་ཀམ་པུས་ཊཪ་ནང་ རྫོང་ཁ་ཡུ་ནི་ཀོཊ་ལག་ལེན་འཐབ་ཚུགས་པའི་ཕན་ཁྱད་ངོ་མ་ཅིག་ ད་ལས་ཕར་ རྫོང་ཁ་ཀུན་གསལ་ལྷག་མི་ཚུ་གིས་ མི་མང་ལུ་ཕན་པའི་བསམ་འཆར་བཀོད་ནི་དང་ ཡ་མཚན་དངོས་འབྱུང་གི་གནས་ཚུལ་སྐྱེལ་ནི་ དེ་ལས་ རྩང་མོ་བློ་ཟེ་ཚུ་ཀུན་གསལ་ནང་བཙུགས་ནི་གི་དང་འདོད་ཡོད་པ་ཅིན་ ཧེ་མ་བཟུམ་སྦེ་ འགྲེམ་ཐོག་ཡིག་འཕྲིན་དང་ པར་འཕྲིན་ཐོག་ལས་སྐྱེལ་མ་དགོ་པར་ཐད་ཀར་དུ་ རྫོང་ཁ་ཡུ་ནི་ཀོཊ་ནང་སྐྱེལ་ཚུགས་ནི་ཨིན་པའི་གནས་ཚུལ།


pic

སྤྱི་ཚེས་ ༢༢.༠༦.༢༠༡༠ ལུ་ མི་རྗེ་འབྲུག་གི་ཁྲིམས་སྤྱི་བློན་པོ་མཆོག་གིས་ འགོ་འབྱེད་གནང་ཐོག་ལས་ འགོ་བཙུགས་ཡོད་མི་ ཉིན་གྲངས་ལྔའི་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ལོ་བསྟར་གྲོས་ཚོགས་ཐེངས་ ༡༠ པ་འདི་ སྤྱི་ཚེས་ ༢༦.༠༦.༢༠༡༠ ལུ་ མཇུག་བསྡུའི་རྟེན་འབྲེལ་གྱི་ སྐུ་མགྲོན་གཙོ་བོ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཁྲི་འཛིན་འོགམ་ མི་རྗེ་ཤེས་རིག་བློན་པོ་མཆོག་བྱོན་ཏེ་མཇུག་བསྡུ་གནང་ཡི།



 

གསལ་བསྒྲགས།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ད་ལྟོ་གསར་བཟོ་འབད་ཡོད་པའི་མིང་ཚིག་གསརཔ་ཚུ་གི་ཐོ་ཡིག་གཤམ་གསལ་ལྟར།

ད་ལྟོ་བཟོ་སྟེ་ཡོད་མི་མིང་ཚིག་གསརཔ་ཚུ་སྔོན་བརྟག་ཟིན་བྲིས་ཐོག་ལུ་བཏང་ཡོད་མི་འདི་འབྲུག་གི་མཁས་པ་ཡོངས་ལས་རྒྱབ་སྣོན་བསམ་འཆར་བསྡུ་ལེན་འབད་ནིའི་དོན་ལུ་ཨིན། ནཱ་བུ་གི་བསམ་འཆར་དང་དག་བཅོས་རེ་གནང་ནིའི་ཐུགས་འཆར་ཡོད་པ་ཅིན་ སྤྱི་ཚེས་ ༣༠/༠༦/༢༠༡༡ གི་ཧེ་མ་ཡོངས་འབྲེལ་ཁ་བྱང་ ddc@dzongkha.gov.bt དང་ དབང་ཕྱུག་རིག་འཛིན་ལུ་བརྒྱུད་འཕྲིན་ཨང་ ༣༢༢༦༦༣ གྱི་ཐོག་ལུ་འབྲེལ་བ་མཛད་གནང་།

ཨང་།

ཨིང་སྐད།

རྫོང་ཁ།

1

Mr.

སྐྱེས་པ།

2

Mrs.

ཨམ།

3

Miss

ཟ་མ།

4

sir

སྐྱེས་མཆོག

5

madam

ཨམ།

6

lady

མོ་མཆོག

7

gentleman

ཕོ་མཆོག

8

Venerable

ཆོས་རྗེ།

9

Honorable

ཆེ་བསྟོད་ཅན།

10

His Excellency

མི་རྗེ།

11

H.H

སྐྱབས་རྗེ།

12

VIP.

སྐུ་ཆེནམོ།

13

goodbye

ལོག་མཇལ་གེ།

14

cell phone

འགྲུལ་འཕྲིན།

15

missed call

དྲན་བརྡ/འབྱིད་བརྡ།

16

SMS

བསྡུ་འཕྲིན།

17

recharge voucher

རྩིས་ཤོག

18

wake-up call

བཞེངས་བརྡ།

19

recharger

སྐྱར་ཆས།

20

memory card

དྲན་ཤོག

21

ring tone

བརྡ་དབྱངས།

22

switch off

བསད།

23

switch on

བཏེག/གཏང་།

24

not reachable

བདའ་མ་བཟུནམ།

25

busy/engaged

དལཝ་མེདཔ།

26

dial

གཏང་།

27

SIM card

སིམ་ཤོག

 

སྡེ་ཚན་ཀ་པ། གསར་ཤོག་གི་དོན་ལུ་ཆོས་རྒྱུགས་ཕུལ་མི།


ཨང་

མིང་

གསང་ཨང་

བྲིས་རྒྱུགས། ༤༥

ངག་རྒྱུགས། ༡༥

བསྡོམས། ༦༠

དྲན་གསོ།

ཀུན་ལེགས་རྣམ་རྒྱལ།

ཀ-༢༨༣༡༡-༠༥

༢༧.༥

༡༡.༩༥

༣༩.༤༥

དང་པ།

ཚེ་རིང་།

ཀ-༢༨༣༡༡-༠༨

༢༧

༡༢.༣

༣༩.༣

 

ཀརྨ་དགེ་ལེགས།

ཀ-༢༨༣༡༡-༠༤

༢༦

༡༡.༡

༣༧.༡

 

བསོད་ནམས་རྡོ་རྗེ།

ཀ-༢༨༣༡༡-༠༧

༢༥

༡༠.༣

༣༥.༣

 

རྟེན་འབྲེལ་དབང་འདུས།

ཀ-༢༨༣༡༡-༠༦

༢༢.༥

༡༡.༥

༣༤

 

ཡེ་ཤེས་ལྷུན་གྲུབ།

ཀ-༢༨༣༡༡-༠༣

༢༤

༩.༨

༣༣.༨

 

ཀརྨ་རིན་ཆེན།

ཀ-༢༨༣༡༡-༠༢

༡༨

༡༠

༢༨

 

རྣམ་རྒྱལ།

ཀ-༢༨༣༡༡-༠༡

༡༣

༡༡.༩

༢༤.༩

 

 

སྡེ་ཚན་ཁ་པ། རྒྱང་བསྒྲགས་དང་རྒྱང་མཐོང་གི་དོན་ལུ་ཆོས་རྒྱུགས་ཕུལ་མི།


ཨང་

མིང་

གསང་ཨང་

བྲིས་རྒྱུགས། ༤༥

ངག་རྒྱུགས། ༡༥

བསྡོམས། ༥༠

དྲན་གསོ།

ཀུན་བཟང་རྡོ་རྗེ།

ཁ-༢༨༣༡༡-༠༡

༣༨

༡༡.༥

༤༩.༥

དང་པ།

དཔལ་འབྱོར།

ཁ-༢༨༣༡༡-༠༨

༣༣.༥

༡༢.༡

༤༥.༦༠

གཉིས་པ།

དགེ་འདུན་དཔལ་བཟང་།

ཁ-༢༨༣༡༡-༠༩

༣༡.༥

༡༡.༩

༤༣.༤

གསུམ་པ།

བླམ་སྐལ་བཟང་།

ཁ-༢༨༣༡༡-༠༣

༢༨.༥

༡༢.༡

༤༠.༦

 

འགྱུར་མེད་རབ་རྒྱས།

ཁ-༢༨༣༡༡-༠༤

༢༩

༡༠.༧

༣༩.༧

 

རྟ་མགྲིན་ཚེ་རིང་།

ཁ-༢༨༣༡༡-༠༢

༢༨

༡༡.༡

༣༩.༡

 

ཀུན་ལེགས་རྒྱལ་མཚན།

ཁ-༢༨༣༡༡-༠༦

༢༦

༡༢.༥

༣༨.༥

 

བསོད་ནམས་རྒྱ་མཚོ།

ཁ-༢༨༣༡༡-༠༥

༡༨

༥.༩

༢༣.༩

 

 

རྫོང་ཁའི་དཔེ་དེབ་དྲག་ཤོས་ཀྱི་འགྲན་བསྡུར།

སྤྱི་ལོ་ ༢༠༡༠ ལོའི་ རྫོང་ཁའི་དཔེ་དེབ་དྲག་ཤོས་ཀྱི་གསོལ་ར་འདི་ སྤྱི་ཚེས་ ༢/༠༦/༡༠ ལུ་གནང་ནི་ཨིན།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཞལ་འཛོམས་ཐེངས་ ༢༡ པ།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཞལ་འཛོམས་ཐེངས་ ༢༡ པ་འདི་ སྤྱི་ཚེས་ ༡༧/༠༥/༡༠ ལུ་འཚོག་ནི་ཨིན།