རྩོམ་སྒྲིག་དང་དཔེ་སྐྲུན་སྡེ་ཚན།

སྐད་སྒྱུར་དང་ཞུན་དག་ལས་ཚན།

རྒྱལ་ཁབ་ནང་ སྐད་ཡིག་དང་མི་སྡེའི་རིམ་འགྱུར་དང་འཁྲིལ་ཏེ་ ལེགས་སྒྱུར་དང་གོང་འཕེལ་གྱི་དོན་ཚན་ཐོག་ལུ་ ཞུན་དག་ལས་ཚན་གྱི་ལཱ་དང་འགན་ཁུར་ཚུ་ཡང་གཤམ་གསལ་ལྟར་ཨིན།

ཡིག་ཚང་ནང་གི་དཔེ་དེབ་ཞུན་དག།

ཡིག་ཚང་ནང་ལས་ སྡེ་ཚན་ཁག་སོ་སོའི་ཁ་ཐུག་ལས་རྩོམ་སྒྲིག་འབད་མི་དང་ དཔེ་སྐྲུན་འབད་དགོ་མི་གི་ རྫོང་ཁའི་དཔེ་དེབ་ཚུ་གི་ཡིག་སྡེབ་དང་ཡིག་སྦྱོར་ཞུན་དག་གི་འགན་ཁག་འབག་ནི།

རྒྱལ་ཁབ་ནང་རྫོང་ཁའི་ཡིག་སྡེབ་ཤོ་མཚུངས་བཟོ་ཐབས།

རྒྱལ་ཁབ་ནང་ལུ་རྫོང་ཁའི་ཡིག་སྡེབ་དང་ཡིག་སྦྱོར་ ཤོ་མཉམ་དང་གཅིག་མཚུངས་བཟོ་ཐབས་ལུ་ འབྲེལ་ཡོད་རྫོང་ཁ་ལག་ལེན་འཐབ་མི་ཚུ་དང་མཉམ་འབྲེལ་གྱི་ཐོག་ལས་ དང་ལེན་འབད་དགོཔ་གང་ཡོད་ལག་ལེན་འཐབ་ནི།

ཞུན་དག་གི་ལཱ་གཞན།

དེ་བཟུམ་ ལྷན་ཚོགས་ལུ་གཞན་གྱིས་ཞུ་བ་བཀོད་དེ་ དཔེ་དེབ་ཞུན་དག་ལཱ་འབད་དགོཔ་ཡོད་མི་ཚུ་གི་འགོ་འདྲེན་དང་ མཉམ་འབྲེལ་འབད་དགོཔ་ཐོན་མི་ཚུ་གི་ལཱ་འགན་ཡང་འབག་ནི།