རྩོམ་སྒྲིག་དང་དཔེ་སྐྲུན་སྡེ་ཚན།

བཀོད་རིས་དང་དཔེ་སྐྲུན་ལས་ཚན།

རྒྱལ་ཁབ་ནང་ སྐད་ཡིག་གི་འགྱུར་བ་དང་བསྟུན་པའི་རྒྱལ་ཡོངས་སྐད་ཡིག་གོང་འཕེལ་དོན་ལུ་ བཀོད་རིས་དང་དཔེ་སྐྲུན་ལས་ཚན་གྱི་ལཱ་འགན་གཤམ་གསལ་ལྟར།

ཡིག་ཚང་ནང་གི་སྡེ་ཚན་ཁག་སོ་སོའི་ཁ་ཐུག་ལས་བཟོ་སྐྲུན་འབད་དགོ་པའི་ སྐད་ཡིག་གོང་འཕེལ་དང་དར་ཁྱབ་ལུ་ཕན་ཐོགས་ཆེ་བའི་དཔེ་དེབ་ཀྱི་རིགས་ དཔེ་དེབ་ཆེ་ཆུང་དང་བསྟུན་པའི་ནང་དོན་པར་རིགས་ཀྱི་སྒྲིག་བཀོད་འོས་ལྡན་བཟོ་ནི།

འོས་འབབ་དང་བསྟུན་ ནང་གི་པར་རིས་ ཕྱི་ཤོག་གི་བཟོ་བཀོད་པར་རིས་ཚུ་ དཔེ་དེབ་རྩོམ་པ་པོའི་བཀོད་རྒྱ་དང་མཐུན་པའི་ པར་རིས་བཟོ་བཀོད་དང་ བཀོད་རྒྱ་མེད་ཚེ་ འོས་འབབ་གང་ཡོད་ཀྱི་བློ་རིག་བཏོན་ཏེ་མཛེས་ཆ་དང་ལྡནམ་བཟོ་ནི།

དཔེ་དེབ་པར་སྐྲུན་འབད་ནི་གི་དོན་ལུ་བཀོད་རྒྱའི་ཡི་གུ་བཟོ་ནི་དང་ པར་སྐྲུན་འབད་ཚརཝ་ད་བཀོད་རྒྱ་དང་འཁྲིལ་བའི་པར་སྤུས་ཡོད་མེད་དབྱེ་ཞིབ་འབད་དེ་ ཐབས་རིག་ངོ་སྦྱོར་བཀོད་ནི་ཚུ་ཨིན།