རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ངོ་སྤྲོད།

༈ རྫོང་ཁ་གོང་འཕེལ་ལྷན་ཚོགས་འདི་ འབྲུག་རྒྱལ་ཁབ་ནང་ གཞུང་གི་ཁ་ཐུག་ལས་ འབྲུག་གི་རྒྱལ་ཡོངས་སྐད་ཡིག་ རྫོང་ཁའི་སྲིད་བྱུས་རྩམ་མི་དང་ རྫོང་ཁའི་མཐར་ཐུག་གི་དབང་འཛིན་པ་ རང་དབང་རང་སྐྱོང་གི་འདུས་ཚོགས་ མཐོ་ཤོས་ཅིག་ཨིན། འདུས་ཚོགས་འདི་ འབྲུག་རྒྱལ་བཞི་པ་མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གི་ཐུགས་དགོངས་དང་འཁྲིལ་ཏེ་ སྤྱི་ལོ་ ༡༩༨༦ ལུ་གཞི་བཙུགས་གནང་གནངམ་ཨིན།

འདུས་ཚོགས་འདི་གི་འགན་དབང་གཙོ་བོ་ འབྲུག་གི་རྒྱལ་ཡོངས་སྐད་ཡིག་རྫོང་ཁ་གོང་འཕེལ་དང་དར་ཁྱབ་ཀྱི་ཐབས་ལམ་ གྲོས་སྟོན་འབད་ནི་དང་འབྲེལ་ གནས་ཚད་དང་ལག་ལེན་གྱི་མཐུན་རྐྱེན་ཡར་དྲག་བཟོ་ནི་ དེ་ལས་ སློབ་སྦྱོང་ལས་རིམ་ཚུ་རྒྱ་སྐྱེད་ཀྱི་ཐོག་ལས་ རྫོང་ཁ་དར་ཁྱབ་གཏང་ནི་གི་འགོ་འདྲེན་འཐབ་ནི་ཚུ་ཨིན།