ལས་དོན།

ལག་ལེན་དར་ཁྱབ་ཀྱི་ལས་དོན་འགྲུབ་དགོཔ།

  • རྒྱ་ཆེའི་མི་མང་ལུ་ རྒྱལ་ཡོངས་སྐད་ཡིག་གི་དགོས་པ་དང་ ཁུངས་དོན་ཚུ་ གོ་བརྡ་འཕྲོད་ཚུགས་པའི་གོ་བ་བརྡ་སྤྲོད་འབད་དགོཔ་ཨིན།
  • རྒྱལ་ཁབ་ནང་རྫོང་ཁ་གོང་འཕེལ་དང་ ཡུན་བརྟན་དར་ཁྱབ་ཀྱི་ཐབས་ལམ་གང་ཡོད་བརྩམ་དགོཔ་ཨིན།
  • རྫོང་ཁ་གོང་འཕེལ་དང་དར་ཁྱབ་ལུ་ཕན་པའི་གློག་བརྙན་དང་ འབྲི་རྩོམ་ འཁྲབ་སྟོན་ ཞབས་ཁྲ་ བློ་ཟེ་འགྲན་བསྡུར་ལ་སོགས་པའི་ལས་རིམ་བརྩམ་ནི་དང་ དེ་བཟུམ་སྦེ་འབད་མི་གཞན་ལུ་རྒྱབ་སྐྱོར་དང་ སྤྲོ་བ་བསྐྱེད་བཅུག་ནིའི་ལཱ་ཚུ་ གང་དྲག་འབད་དགོཔ་ཨིན།
  • རྫོང་ཁའི་མིང་ཚིག་དང་ཡིག་སྡེབ་ཚུ་ དུས་རིམ་བཞིན་བསྐྱར་ཞིབ་འབད་དེ་ གསར་བཟོ་འབད་མི་ཚུ་ཡིག་ཐོག་དང་ གློག་རིག་ཡོངས་འབྲེལ་ཐོག་ལས་ ལག་ལེན་འཐབ་མི་ཚུ་ལུ་ གང་མགྱོགས་འཕྲོད་ཚུགསཔ་འབད་དགོཔ་ཨིན།
  • རྫོང་ཁའི་ལག་ལེན་པ་ཚུ་ལུ་ ཁག་ཆེ་བའི་རྫོང་ཁའི་ཁྱད་རིག་གི་འགོ་འདྲེན་དང་ རྒྱབ་སྐྱོར་ཚུ་འབད་དགོཔ་ཨིན།
  • རྒྱལ་ཁབ་ནང་གི་ས་གནས་དང་ ཡིག་ཚང་ ཁང་ཁྱིམ་ ཐོན་དངོས་ཚུ་ག་ར་ལུ་ ཁ་བྱང་དང་ཁ་ཡིག་ བརྡ་བྱང་དང་མིང་བྱང་ ཁག་ཆེ་བའི་ལམ་སྟོན་དང་བཀོད་ཡིག་ཚུ་ རྫོང་ཁའི་ཡིག་ཐོག་ལུ་ཡོདཔ་བཟོ་ནིའི་བཀོད་བྱ་དང་ལམ་སྟོན་ གྲོགས་རམ་དང་རྒྱབ་སྐྱོར་ཚུ་འབད་དགོཔ་ཨིན།