ལས་དོན།
སློབ་སྟོན་ཡར་རྒྱས་ཀྱི་ལས་དོན་འགྲུབ་དགོཔ།
- ཤེས་རིག་ལྷན་ཁག་དང་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེའི་ཁ་ཐུག་ལས་ རྫོང་ཁའི་སྲིད་བྱུས་དང་མཐུན་པའི་ སློབ་སྦྱོང་འགོ་འདྲེན་འཐབ་མིའི་ནང་ལུ་ མཁོ་ཆེ་བའི་རྒྱབ་སྐྱོར་དང་གྲོགས་རམ་ཚུ་ གང་མཁོ་འབད་དགོཔ་ཨིན།
- རྒྱལ་ཁབ་ནང་རྫོང་ཁའི་སློབ་སྦྱོང་དང་ ལག་ལེན་ལུ་ཁག་ཆེ་བའི་སྦྱོང་བརྡར་ཚུ་འགོ་འདྲེན་འཐབ་དགོཔ་དང་ དེ་བཟུམ་མའི་དང་ལེན་འབད་མི་གཞན་ལུ་ཡང་ རྒྱབ་སྐྱོར་གྱི་གྲོགས་རམ་འབད་དགོཔ་ཨིན།
- རྫོང་ཁའི་སྐད་ཡིག་སློབ་སྦྱོང་དང་ ལག་ལེན་སློབ་སྦྱོང་འབད་མི་གཞུང་སྒེར་གྱི་སྤེལ་ཁང་ཚུ་ མཁོ་བྱད་དང་བསྟུན་ཏེ་ གསར་བཙུགས་འབད་ནི་ལུ་སྤྲོ་བ་བསྐྱེད་བཅུག་ནི་དང་ རྒྱབ་སྐྱོར་དང་ངོས་ལེན་ཚུ་ཡང་འབད་དགོཔ་ཨིན།
- རྒྱལ་ཁབ་ནང་ལཱ་གཡོག་གི་སློབ་སྦྱོང་དང་ སྦྱོང་བརྡར་འགོ་འདྲེན་འཐབ་མིའི་སྤེལ་ཁང་དང་ ལས་ཁུངས་ཚུ་གི་ སློབ་སྦྱོང་དང་སྦྱོང་བརྡར་གྱི་རྩ་གཞུང་ནང་ལུ་ རྫོང་ཁའི་བརྡ་དོན་སྤྲོད་ལེན་གྱི་ སྦྱོང་ཚན་ཚུ་བཙུགས་ནི་ལུ་གྲོས་སྟོན་དང་མཉམ་རུབ་འབད་དགོཔ་ཨིན།
|