Strategies


མཐུན་རྐྱེན་གོང་འཕེལ་གྱི་ལས་དོན་འགྲུབ་དགོཔ།

  • སྐད་ཡིག་ལག་ལེན་ལུ་མཁོ་བའི་ གློག་རིག་རིམ་ལུགས་འདི་ གནས་ཚད་དང་ལག་ལེན་ཚུ་ནང་ དབྱིན་སྐད་ཀྱི་གློག་རིག་ དང་དབྱེ་བ་མེད་པའི་ལག་ལེན་འཐབ་བཏུབ་བཟོ་དགོཔ་ཨིན།
  • ལག་ལེན་ལུ་མཁོ་ཆེ་བའི་རྫོང་ཁ་ ཨིང་རྫོང་ རྫོང་ཨིང་ཚིག་མཛོད་ཀྱི་རིགས་དང་ གཞན་དོན་ཚན་ཕྱོགས་བསྡེབས་ཀྱི་ རྫོང་ཨིང་ཤན་སྦྱར་ཚིག་མཛོད་ལ་སོགས་པ་ སྤུས་ཚད་དང་ལྡན་པར་ དུས་རིམ་བཞིན་དུ་བཏོན་དགོཔ་ཨིན།
  • སྐད་ཡིག་སློབ་སྦྱོང་གི་དོན་ལུ་ རྫོང་ཁའི་སྐད་ཡིག་སློབ་དེབ་ཚུ་དང་ རྗོད་སྒྲའི་ལམ་སྟོན་ལ་སོགས་པ་ གང་མཁོའི་དཔེ་དེབ་ཚུ་ དང་འདོད་ཡོད་མི་ཚུ་ལུ་འཐོབ་ཚུགསཔ་བཟོ་དགོཔ་ཨིན།
  • རྫོང་ཁའི་ཡིག་བསྐུར་རྣམ་གཞག་དང་ ཁག་ཆེ་བའི་བཀོད་ཤོག་གི་རིགས་ལ་སོགས་པ་ ལག་ལེན་ལམ་སྟོན་གྱི་ལག་དེབ་དང་ དཔེ་སྟོན་ཡིག་ཆ་ཚུ་ ལག་ལེན་གྱི་དོན་ལུ་འཐོབ་ཚུགསཔ་བཟོ་དགོཔ་ཨིན།
  • རྫོང་ཁའི་རྩོམ་རིག་གོང་འཕེལ་དོན་ལུ་ ཁག་ཆེ་བའི་དཔེ་དེབ་ཚུ་ གསར་རྩོམ་དང་ སྐད་སྒྱུར་གྱི་ཐོག་ལས་ པར་སྐྲུན་གང་མང་འབད་དེ་རྫོང་ཁའི་རྩོམ་རིག་གོང་འཕེལ་གཏང་དགོཔ་ཨིན།
  • རྒྱལ་ཁབ་ནང་ཧེ་མ་ལས་ཡོད་མི་དང་ གསར་བཙུགས་ཀྱི་ལས་ཁུངས་ གོ་གནས་ ལཱ་གཡོག་ ལ་སོགས་པའི་ མིང་གནས་དང་ དེའི་ཡིག་སྡེབ་ཚུ་དུས་རིམ་བཞིན་དུ་ གནས་ཚད་དང་ལྡན་པར་འཐོབ་ཆོགཔ་བཟོ་དགོཔ་ཨིན།