Loading Language ...
རྫོང་ཁ། English
རྫོང་ཁའི་དཔེ་དེབ་དྲག་ཤོས། - Dzongkha Development Comission

གནས་ཚུལ།

Tweet
གློག་འཕྲིན།

རྫོང་ཁའི་དཔེ་དེབ་དྲག་ཤོས།

03 / ༠༦ / 2018 བཙུགས་མི། Tenzin Namgyel

སྤྱི་ཚོས་༠༢/༠༦/༢༠༡༨ ལུ་ འབྲུག་གི་ཡབ་རྗེ་དམ་པ་དཔལ་མི་དབང་འཇིགས་མེད་སངྒེ་དབང་ཕྱུག་མཆོག་གི་གསེར་ཁྲི་མངའ་གསོལ་ཞུ་བའི་ཉིནམ་དང་འབྲེལ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ལོ་བལྟར་འགོ་འདྲེན་འཐབ་སྲོལ་ཡོད་པའི་རྫོང་ཁའི་དཔེ་དེབ་འགྲན་བསྡུར་གྱི་གྲུབ་འབྲས་གསལ་བསྒྲགས་འབད་ཡོདཔ་ཨིན། སྐུ་མགྲོན་གཙོ་བོ་ མི་རྗེ་ནང་སྲིད་བློན་པོ་མཆོག་གིས་ཨང་དང་པ་ཐོན་མི་ལུ་གསོལ་ར་དང་ལག་ཁྱེར་ དེ་ལས་བཅའ་མར་གཏོགས་མིའི་དཔེ་དེབ་ཀྱི་རྩོམ་སྒྲིག་པ་ཚུ་ལུ་ལག་ཁྱེར་ཚུ་གནང་ཡོདཔ་ཨིན།

དུས་ཅི་གི་འགྲན་བསྡུར་འདི་ནང་ ཀེ་ཨེམ་ཀྲི་གིས་དཔེ་སྐྲུན་འབད་ཡོད་པའི་དཔེ་དེབ་ དད་པའི་ས་བོན། གླེགས་བམ་ ༤ པ་གིས་ཨང་དང་པ་ཐོན་ཡོདཔ་ཨིན། འགྲན་བསྡུར་གི་དོན་ལུ་དཔེ་དེབ་ ༩ ལྷོད་ཡོད་རུང་དཔེ་དེབ་ ༣ ཚད་གཞི་དང་མ་མཐུནམ་ལས་དཔེ་དེབ་ ༦ རྐྱངམ་གཅིག་གིས་འགྲན་བསྡུར་ནང་བཅའ་མར་གཏོགས་ཡོདཔ་ཨིན།

གནས་ཚུལ་འཚོལ།

གསད།

གནས་ཚུལ་གྱི་གཏན་མཛོད།

བསམ་འཆར་བསྡུ་ལེན།