Loading Language ...
རྫོང་ཁ། English
རྫོང་ཁའི་གོམས་འདྲིས་དང་གོ་བསྡུར་ཞལ་འཛོམས། - Dzongkha Development Comission

གནས་ཚུལ།

Tweet
གློག་འཕྲིན།

རྫོང་ཁའི་གོམས་འདྲིས་དང་གོ་བསྡུར་ཞལ་འཛོམས།

04 / ༠༥ / 2017 བཙུགས་མི། Tenzin Namgyel
Dzongkha Focal Persons

སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༤  པའི་སྤྱི་ཚེས་ ༢༦-༢༨ ཚུན་  རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ལྷན་ཁག་དང་ལས་ཁུངས་ ལས་སྡེ་ཚུ་གི་ རྫོང་ཁའི་ངོ་ཚབ་འགོ་དཔོན་ཚུ་གི་བར་ན་  ལོ་ལྔ་འཆར་གཞི་ ༡༢ པའི་གྲ་སྒྲིག་ རྫོང་ཁའི་གོམས་འདྲིས་དང་གོ་བསྡུར་ཞལ་འཛོམས་ཟེར་བའི་བརྗོད་དོན་ཐོག་ལུ་ གོ་བསྡུར་ཞལ་འཛོམས་ཅིག་འགོ་འདྲེན་འཐབ་ཡོདཔ་ཨིན། ཞལ་འཛོམས་ཀྱི་སྐབས་ལུ་ འཆར་གཞི་ ༡༢  པ་ དང་འཆར་དངུལ་བཟོ་ཐངས་ཀྱི་སྦྱོང་བརྡར་བྱིན་ཡོདཔ་དང་ རྒྱལ་ཡོངས་སྐད་ཡིག་གི་སྲིད་བྱུས་ལུ་གཞི་བཞག་སྟེ་ རྫོང་ཁའི་སྐད་ཡིག་ཉམས་སྲུང་དང་རྒྱུན་སྐྱོང་ དེ་ལས་དར་ཁྱབ་གཏང་དགོ་པའི་གསལ་ཞུ་དང་གྲོས་བསྡུར་ཡང་འབད་ཡོདཔ་ཨིན། 

གཞན་ཡང་རྫོང་ཁ་ཡུ་ནི་ཀྲོཊ་ལག་ལེན་འཐབ་ཐངས་ཀྱི་སྦྱོང་བརྡར་ཡང་བྱིན་ཡོད། དེ་མ་ཚད་ རྫོང་ཁ་གོང་འཕེལ་ལྷན་གྱི་ལཱ་འགན་དང་དམིགས་གཏད་ཚུ་གསལ་ཞུ་འབད་ཡོདཔ་ཨིན། དེ་བཟུམ་སྦེ་ རྫོང་ཁའི་ངོ་ཚབ་འགོ་དཔོན་ཚུ་གིས་ རྫོང་ཁ་གོང་འཕེལ་གཏང་ནི་ལུ་ གདོང་ལེན་དང་ཚ་གྱང་ཡོད་ལུགས་ཚུ་བཤད་ཡོདཔ་ཨིན། ཉིན་གྲངས་ ༣ གི་ཞལ་འཛོམས་འདི་མཐར་འཁྱོལ་ཅན་ཅིག་ལུ་གྱུར་ཡོདཔ་ཨིན།

གནས་ཚུལ་འཚོལ།

གསད།

གནས་ཚུལ་གྱི་གཏན་མཛོད།

བསམ་འཆར་བསྡུ་ལེན།

Create your own user feedback survey