Loading Language ...
རྫོང་ཁ། English
རྫོང་ཁའི་ཡུ་ནི་ཀོཊ་བཙུགས་སྒྲིག་གི་གོ་བསྡུར་ཞལ་འཛོམས། - Dzongkha Development Comission

གནས་ཚུལ།

Tweet
གློག་འཕྲིན།

རྫོང་ཁའི་ཡུ་ནི་ཀོཊ་བཙུགས་སྒྲིག་གི་གོ་བསྡུར་ཞལ་འཛོམས།

27 / ༡༡ / 2017 བཙུགས་མི། Tenzin Namgyel
Unicode training at Tashigang

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཕུན་ཚོགས་གླིང་དང་། བསམ་གྲུབ་ལྗོངས་མཁར། བཀྲིས་སྒང་། དེ་ལས་ དགེ་ལེགས་ཕུག་ཚུ་ནང་གི་ གློག་རིག་དང་འགྲུལ་འཕྲིན་གྱི་ཚོང་འབྲེལ་པ་ཚུའི་དོན་ལུ་ གློག་རིག་ནང་རྫོང་ཁ་བཙུགས་སྒྲིག་འབད་ཐངས་ཀྱི་སྐོར་ལས་ གོ་བསྡུར་ཞལ་འཛོམས་ཅིག་འགོ་འདྲེན་འཐབ་ཡོདཔ་ཨིན།

གོ་བསྡུར་ཞལ་འཛོམས་ཀྱི་དམིགས་ཡུལ་ཚུ་ཡང་།

  1. གློག་རིག་ནང་རྫོང་ཁའི་མཐུན་རྐྱེན་ཚུ་བཙུགས་དགོ་པའི་དགོས་པ་ཧ་གོ་ནི།
  2. གློག་རིག་ནང་རྫོང་ཁའི་མཐུན་རྐྱེན་ཚུ་བཙུགས་ཐངས་ཀྱི་སྐོར་ལས་ཤེས་ཚུགས་ནི།
  3. གློག་རིག་ནང་རྫོང་ཁའི་མཐུན་རྐྱེན་ཚུ་བཙུགས་ཏེ་ཚོང་འབྲེལ་འཐབ་ཚུགས་ནི་དང་།
  4. རྫོང་ཁའི་འགྲུལ་འཕྲིན་རིམ་ལུགས་ཚུའི་སྐོར་ལས་ཧ་གོ་ཚུགས་ནི་ཚུ་ཨིན།

གོ་བསྡུར་ཞལ་འཛོམས་ཀྱི་སྐབས་ བཅའ་མར་གཏོགས་མི་ཚུ་ལུ་ གློག་རིག་ནང་རྫོང་ཁའི་མཐུན་རྐྱེན་ཚུ་བཙུགས་ཏེ་ བཙོང་དགོ་པའི་དགོས་པ་ཚུ་བཤད་ཡོདཔ་དང་། རྫོང་ཁའི་ཡིག་གཟུགས་དང་ ལྡེ་སྒྲོམ་ གཞན་ཚིག་མཛོད་ཚུ་བཙུགས་ཐངས་ཀྱི་སྐོར་ལས་སྟོན་བྱིན་ཡོདཔ་ཨིན། དེ་ལས་ རྫོང་ཁའི་འགྲུལ་འཕྲིན་རིམ་ལུགས་ཚུ་ བཙུགས་ཐངས་དང་ལག་ལེན་འཐབ་ཐངས་ཚུ་ གསལ་ཞུ་དང་འགྲེམས་སྟོན་འབད་ཡོད་པའི་ཁར་ བཅའ་མར་གཏོགས་མི་ཚུ་ལུ་ རྫོང་ཁའི་ཡུ་ནི་ཀོཊ་གི་མཐུན་རྐྱེན་ཚུ་ཡོད་པའི་ སྲབ་འཁོར་རེ་བྱིན་ཡོདཔ་ཨིན། དེ་མ་ཚད་ ཁོང་ཆ་ཁྱབ་ཀྱིས་ གློག་རིག་ཚུ་བཙོང་པའི་སྐབས་ འདི་ནང་ རྫོང་ཁའི་མཐུན་རྐྱེན་ཚུ་ཆ་ཚང་སྦེ་བཙུགས་ཞིནམ་ལས་ བཙོང་གནང་ཟེར་བའི་ཞུ་བ་ཡང་ཕུལ་ཡོདཔ་ཨིན།

གོ་བསྡུར་ཞལ་འཛོམས་འདི་ནང་ སློབ་གྲྭ་དང་། ཁྲིམས་ཁང་། སློབ་སྦྱོང་སྤེལ་ཁང་། དེ་ལས་ གྲྭ་ཚང་ལ་སོགས་པའི་འབྲེལ་བ་ཡོད་པའི་ལས་སྡེ་དང་ ཡིག་ཚང་གཞན་ཚུ་ལས་ དང་འདོད་ཅན་གྱི་མི་ངོམ་ཚུ་གིས་ཡང་ བཅའ་མར་གཏོགས་ཡོདཔ་ཨིན།

གནས་ཚུལ་འཚོལ།

གསད།

གནས་ཚུལ་གྱི་གཏན་མཛོད།

བསམ་འཆར་བསྡུ་ལེན།

Create your own user feedback survey