Loading Language ...
རྫོང་ཁ། English
ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཚུ་གིས་ ཨ་ལུ་ཚུ་གི་དོན་ལུ་ རྫོང་ཁའི་འགྲུལ་འཕྲིན་རིམ་ལུགས་བཟོ་ཡོདཔ། - Dzongkha Development Comission

གནས་ཚུལ།

Tweet
གློག་འཕྲིན།

ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཚུ་གིས་ ཨ་ལུ་ཚུ་གི་དོན་ལུ་ རྫོང་ཁའི་འགྲུལ་འཕྲིན་རིམ་ལུགས་བཟོ་ཡོདཔ།

12 / ༠༡ / 2018 བཙུགས་མི། Tenzin Namgyel
Secretary Awarding certificate

ཕུན་ཚོགས་གླིང་ལུ་ཡོད་པའི་ ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭའི་ བརྡ་དོན་འཕྲུལ་རིག་གི་སློབ་ཕྲུག་བཞི་གིས་ ཁོང་རའི་ སྤྱི་ལོ་ ༢༠༡༦-༢༠༡༧ ལོ་མཇུག་གི་ལས་འགུལ་སྦེ་ ཨ་ལུ་རྫོང་ཁ་ལྷབ་ ཟེར་བའི་རྫོང་ཁའི་འགྲུལ་འཕྲིན་རིམ་ལུགས་ཅིག་བཟོ་ཡོདཔ་ཨིན།

ཨ་ལུའི་དོན་ལུ་རྫོང་ཁ་ཟེར་བའི་འགྲུལ་འཕྲིན་རིམ་ལུགས་བཟུམ་སྦེ་ རིམ་ལུགས་འདི་གིས་ཡང་ ཨ་ལུ་ཚུ་གིས་ རྫོང་ཁ་སྤྲོ་བའི་སྒོ་ལས་ལྷབ་ནིའི་དོན་ལུ་ པར་དང་། སྒྲ་སྐད། དེ་ལས་རིག་བསྡུར་ཚུ་ལག་ལེན་འཐབ་སྟེ་ཡོདཔ་ཨིན། རིམ་ལུགས་འདི་ཡང་ མི་མང་གིས་ Google Play Store ནང་ལས་ཕབ་ལེན་འབད་ཚུགས།

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ སྡེ་ཚན་འདི་ལུ་ ནང་དོན་གྱི་ཁྱད་རིག་ཞུན་དག་དང་ རྗོད་སྒྲའི་ལམ་སྟོན་ཚུ་ནང་ རྒྱབ་སྐྱོར་འབད་ཡོདཔ་ཨིན། རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་དར་ཁྱབ་གཏང་ནི་ལུ་དམིགས་ཏེ་ འདི་བཟུམ་གི་ འགྲུལ་འཕྲིན་རིམ་ལུགས་བཟོ་ཡོད་མི་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ཁ་ཐུག་ལས་ རིམ་ལུགས་བཟོ་མི་སྡེ་ཚན་དང་ ལམ་སྟོན་མཛད་མི་སློབ་དཔོན་ཚུ་ལུ་ བཀྲིན་ཆེ་ཟེར་ཞུ་ནི་ཨིན།

གནས་ཚུལ་འཚོལ།

གསད།

གནས་ཚུལ་གྱི་གཏན་མཛོད།

བསམ་འཆར་བསྡུ་ལེན།

Create your own user feedback survey