Loading Language ...
རྫོང་ཁ། English
གཞུང་སྐྱོང་མཆོག་གྱུར་གྱི་གན་ཡིག་གུ་མཚན་རྟགས་བཀོད་ཡོདཔ། - Dzongkha Development Comission

གནས་ཚུལ།

Tweet
གློག་འཕྲིན།

གཞུང་སྐྱོང་མཆོག་གྱུར་གྱི་གན་ཡིག་གུ་མཚན་རྟགས་བཀོད་ཡོདཔ།

08 / ༠༨ / 2017 བཙུགས་མི། Tenzin Namgyel

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ རྩིས་ལོ་ ༢༠༡༧-༢༠༡༨ ཀྱི་ གཞུང་སྐྱོང་མཆོག་གྱུར་གན་ཡིག་གུ་ མི་རྗེ་བློན་ཆེན་མཆོག་དང་དྲུང་ཆེན་གཉིས་ཀྱི་བར་ན་ སྤྱི་ལོ་ ༢༠༡༧ ཟླ་ ༨ པའི་ཚེས་ ལུ་ རྒྱལ་གཞུང་མགྲོན་སྐྱོང་ཁང་ནང་སྦེ་ མཚན་རྟགས་བཀོད་གནང་ཡོདཔ་ཨིན། དེའི་སྐབས་ དྲུང་ཆེན་མཆོག་གིས་ གཞུང་སྐྱོང་མཆོག་གྱུར་གན་ཡིག་ ༢༠༡༧-༢༠༡༨ ཀྱི་ ངོ་སྤྲོད་གསལ་ཞུ་ཕུལཝ་དང་འབྲེལ་ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ རྒྱལ་ཁབ་ཀྱི་ལམ་སྲོལ་ཉམས་སྲུང་དང་ངོ་རྟགས་ཀྱི་དོན་ལུ་ གོང་འཕེལ་དང་དར་ཁྱབ་གཏང་ནི་འདི་ག་ནི་བ་ཁག་ཆེ་ཟེར་ཞུ་གནང་ཡི། འདི་བཟུམ་སྦེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་གྲུབ་འབྲས་གཙོ་བོ་དང་གདོང་ལེན་ཚུའི་སྐོར་ལས་ཡང་གསལ་ཞུ་འབད་ཡོདཔ་ཨིན།

དྲུང་ཆེན་མཆོག་དང་སྡེ་ཚན་འགོ་དཔོན་ཚུ་གི་བར་ན་ གཞུང་སྐྱོང་མཆོག་གྱུར་གན་ཡིག་གུ་ སྤྱི་ལོ་ ༢༠༡༧ ཟླ་ ༨ པའི་ཚེས་ ༧ ལུ་ ཐིམ་ཕུག་ཀ་ཝང་བྱང་ས་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་ནང་ ལས་བྱེདཔ་ག་ར་འཛོམས་ཐོག་མཚན་རྟགས་བཀོད་གནང་ཡོདཔའི་གནས་ཚུལ།

གཞུང་སྐྱོང་མཆོག་གྱུར་གཟིགས་ནིའི་དོན་ལུ་ནཱ་ལུ་ཨེབ་གནང།

གནས་ཚུལ་འཚོལ།

གསད།

གནས་ཚུལ་གྱི་གཏན་མཛོད།

བསམ་འཆར་བསྡུ་ལེན།