Loading Language ...
རྫོང་ཁ། English
གནས་ཚུལ། - རྫོང་ཁ་གོང་འཕེལ་ལྷན་ཚོགས།

གནས་ཚུལ།

Tweet
གློག་འཕྲིན།

རྫོང་ཁའི་དཔེ་དེབ་དྲག་ཤོས།

03 / ༠༦ / 2018
སྤྱི་ཚོས་༠༢/༠༦/༢༠༡༨ ལུ་ འབྲུག་གི་ཡབ་རྗེ་དམ་པ་དཔལ་མི་དབང་འཇིགས་མེད་སངྒེ་དབང་ཕྱུག་མཆོག་གི་གསེར་ཁྲི་མངའ་གསོལ་ཞུ་བའི་ཉིནམ་དང་འབྲེལ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ལོ་བལྟར་འགོ་འདྲེན་འཐབ་སྲོལ་ཡོད་པའི་རྫོང་ཁའི་དཔེ་དེབ་འགྲན་བསྡུར་གྱི་གྲུབ་འབྲས་གསལ་བསྒྲགས་འབད་ཡོདཔ་ཨིན། སྐུ་མགྲོན་གཙོ་བོ་ མི་རྗེ་ནང་སྲིད་བློན་པོ་མཆོག་གིས་ཨང་དང་པ་ཐོན་མི་ལུ་གསོལ་ར་དང་ལག་ཁྱེར་ ...

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཡོངས་འབྲེལ་འཆར་སྒོའི་འགྲན་བསྡུར་ནང་ཨང་དང་པ་ཐོན་ཡོདཔ།

01 / ༠༦ / 2018
བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གིས་རྒྱལ་ཡོངས་ཀྱི་གནས་ཚད་ནང་ ཡོངས་འབྲེལ་འཆར་སྒོ་གི་འགྲན་བསྡུར་ཐེངས་ལྔ་པ་འགོ་འདྲེན་འཐབ་མིའི་ནང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་གིས་ཨང་དང་པ་ཐོན་ཏེ་ དྲག་ཤོས་ཀྱི་མིང་གཏམ་ཐོབ་ཡོདཔ་ཨིན། འགྲན་བསྡུར་འདི་གིས་དོན་ལུ་ ཡོངས་འབྲེལ་འཆར་སྒོ་ཡོངས་བསྡོམས་ ༡༣༥ གི་ཐོ་བཀོད་འབད་ཡོདཔ་དང་ ...

རྫོང་ཁའི་མཁས་ཚོགས་ཞལ་འཛོམས་ཐེངས་ ༢ པ་འཚོགས་ཡོདཔ།

14 / ༠༥ / 2018
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ སྤྱི་ལོ་ ༢༠༡༨ ཟླ་ ༠༥ པའི་ཚེས་ ༠༣ ལས་ ༠༥ ཚུན་ ཉིན་གྲངས་གསུམ་གྱི་རིང་ ཐིམ་ཕུག་གི་ས་གནས་ རོ་མཆོག་དཔལ་ལུ་སྦེ་ རྫོང་ཁའི་མཁས་ཚོགས་ཞལ་འཛོམས་ཐེངས་གཉིས་པ་འདི་འགོ་འདྲེན་འཐབ་ཡོད། ད་རེས་ཀྱི་ཞལ་འཛོམས་ཀྱི་གྲོས་གཞི་འདི་ ཁག་གསུམ་ལུ་གཙོ་བོར་ བཟུང་སྟེ་གནང་ཡོདཔ་ཨིན། དེ་ཡང། ༡༽ དུས་གསུམ་རྣམ་གཞག་གཏན་འབེབས། ༢༽ ...

རྫོང་ཁའི་གྲོས་ཚོགས་འཚོགས་ཡོདཔ།

05 / ༠༣ / 2018
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ སྤྱི་ཚོས་ ༢༧/༠༢/༢༠༡༨ ལས་ ༠༡/༠༣/༢༠༡༨ ཚུན་ ཉིན་གྲངས་གསུམ་གྱི་རིང་ལུ་ རྫོང་ཁ་ལག་ལེན་གྱི་གདོང་ལེན་དང་ཐབས་ལམ་ཟེར་བའི་བརྗོད་དོན་ཐོག་ལུ་ གྲོས་ཚོགས་ཅིག་འཚོགས་ཡོདཔ་ཨིན། གྲོས་ཚོགས་འདི་ནང་རྫོང་ཁ་མཁས་མཆོག་ཚུའི་གུ་ ལྷན་ཁག་དང་ལས་ཁུངས་ གཙུག་སྡེ་ བརྡ་བརྒྱུད་ཚུ་ནང་ལཱ་འབད་མི་ཚུ་གིས་ཡང་བཅའ་མར་གཏོགས་ཡོདཔ་ཨིན། ...

བརྡ་བརྒྱུདཔ་ཚུ་ལུ་རྫོང་ཁའི་ཁ་གསོ་སློབ་སྦྱོང།

06 / ༠༢ / 2018
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ སྤྱི་ཚེས་༢-༣/༠༢/༢༠༡༨ ཚུན་ ཉིན་གྲངས་༢ ཀྱི་རིང་ལུ་ ཐིམ་ཕུག་ལུ་སྦེ་བརྡ་བརྒྱུདཔ་ཁག་གསུམ་ལུ་རྫོང་ཁའི་ཁ་གསོ་སློབ་སྦྱོང་ཅིག་འགོ་འདྲེན་འཐབ་ཡོད། བརྡ་བརྒྱུདཔ་ཁག་༣ འདི་ཡང་ རྩོམ་སྒྲིག་ཐོག་གི་གསར་ཤོག་དང་ ངག་ཐོག་གི་རེ་ཌིའོ་ དེ་ལས་རྒྱང་མཐོང་ཚུ་ཨིན། བརྡ་བརྒྱུདཔ་བསྡོམས་༣༦ གིས་བཅའ་མར་གཏོགས་ཡོདཔ་ཨིན། ...

སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་དང་གཅིག་ཁར་ཆིངས་ཡིག་གུ་མཚན་རྟགས་བཀོད་ཡོདཔ།

31 / ༠༡ / 2018
སྤྱི་ཚེས་ ༣༠/༠༡/༢༠༡༨ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་གཉིས་ཀྱི་བར་ན་ ཆིངས་ཡིག་གུ་མཚན་རྟགས་བཀོད་གནང་ཡོད། ཆིངས་ཡིག་འདི་ཡང་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་དང་རྫོང་ཁ་གོང་འཕེལ་ལྷན་ཚོགས་གཉིས་ཀྱིས་མཉམ་རུབ་ཐོག་ལས་ རྫོང་ཁ་དང་ལུང་ཕྱོགས་ཀྱི་ཁ་སྐད་ཚུ་ཞིབ་འཚོལ་འབད་དེ་ གྲུབ་འབྲས་ཚུ་པར་སྐྲུན་དང་བརྗེ་སོར་འབད་ནི། ...

རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་དང་གཅིག་ཁར་ཆིངས་ཡིག་གུ་མཚན་རྟགས་བཀོད་ཡོདཔ།

19 / ༠༡ / 2018
སྤྱི་ཚེས་ ༡༦/༠༡/༢༠༡༨ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་གཉིས་ཀྱི་བར་ན་ ཆིངས་ཡིག་གུ་མཚན་རྟགས་བཀོད་གནང་ཡོད། ཆིངས་ཡིག་འདི་ཡང་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་ཀྱིས་ རྫོང་ཁ་འབྲི་ནི་དང་། སླབ་ནི། ཨམ་སྲུ་དང་ཨ་ལུ་དང་འབྲེལ་བའི་ཁྱད་རིག་གི་ཐ་སྙད་དཔེ་དེབ་བཟོ་ནི། དེ་ལས་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་ལུ་ ...

ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཚུ་གིས་ ཨ་ལུ་ཚུ་གི་དོན་ལུ་ རྫོང་ཁའི་འགྲུལ་འཕྲིན་རིམ་ལུགས་བཟོ་ཡོདཔ།

12 / ༠༡ / 2018
ཕུན་ཚོགས་གླིང་ལུ་ཡོད་པའི་ ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭའི་ བརྡ་དོན་འཕྲུལ་རིག་གི་སློབ་ཕྲུག་བཞི་གིས་ ཁོང་རའི་ སྤྱི་ལོ་ ༢༠༡༦-༢༠༡༧ ལོ་མཇུག་གི་ལས་འགུལ་སྦེ་ ཨ་ལུ་རྫོང་ཁ་ལྷབ་ ཟེར་བའི་རྫོང་ཁའི་འགྲུལ་འཕྲིན་རིམ་ལུགས་ཅིག་བཟོ་ཡོདཔ་ཨིན། ཨ་ལུའི་དོན་ལུ་རྫོང་ཁ་ཟེར་བའི་འགྲུལ་འཕྲིན་རིམ་ལུགས་བཟུམ་སྦེ་ རིམ་ལུགས་འདི་གིས་ཡང་ ...

རྫོང་ཁའི་མཁས་ཚོགས་ཞལ་འཛོམས་ཐེངས ༡ པ་འཚོགས་ཡོདཔ།

11 / ༠༡ / 2018
སྤྱིར་བཏང་ འབྲུག་རྒྱལ་ཁབ་ནང་ རྫོང་ཁའི་ཡིག་སྡེབ་གཅིག་མཚུངས་བཟོ་ནི་དང་ རྗོད་སྒྲ་ཞིབ་འཚོལ་དང་དབྱེ་དཔྱད་ཐོག་གཏན་འབེབས་བཟོ་ནི་ མི་སྡེ་ནང་ལག་ལེན་འཐབ་མི་རྫོང་ཁའི་མིང་ཚིག་ཚུ་ ཡིག་ཐོག་ལུ་བཀོད་དེ་གཏན་འབེབས་བཟོ་ནི་ རྫོང་ཁའི་བརྡ་སྦྱོར་ཚུ་ སྐད་ཡིག་རིག་པའི་ལམ་ལུགས་དང་མཐུནམ་སྦེ་བཟོ་ནི་ དེ་ལས་ མིང་ཚིག་གསར་རྩོམ་འབད་མི་ཚུ་གཏན་འབེབས་བཟོ་ནིའི་དོན་ལུ་ ...

རྫོང་ཁའི་ཡུ་ནི་ཀོཊ་བཙུགས་སྒྲིག་གི་གོ་བསྡུར་ཞལ་འཛོམས།

27 / ༡༡ / 2017
རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཕུན་ཚོགས་གླིང་དང་། བསམ་གྲུབ་ལྗོངས་མཁར། བཀྲིས་སྒང་། དེ་ལས་ དགེ་ལེགས་ཕུག་ཚུ་ནང་གི་ གློག་རིག་དང་འགྲུལ་འཕྲིན་གྱི་ཚོང་འབྲེལ་པ་ཚུའི་དོན་ལུ་ གློག་རིག་ནང་རྫོང་ཁ་བཙུགས་སྒྲིག་འབད་ཐངས་ཀྱི་སྐོར་ལས་ གོ་བསྡུར་ཞལ་འཛོམས་ཅིག་འགོ་འདྲེན་འཐབ་ཡོདཔ་ཨིན། གོ་བསྡུར་ཞལ་འཛོམས་ཀྱི་དམིགས་ཡུལ་ཚུ་ཡང་། གློག་རིག་ནང་རྫོང་ཁའི་མཐུན་རྐྱེན་ཚུ་བཙུགས་དགོ་པའི་དགོས་པ་ཧ་གོ་ནི། གློག་རིག་ནང་རྫོང་ཁའི་མཐུན་རྐྱེན་ཚུ་བཙུགས་ཐངས་ཀྱི་སྐོར་ལས་ཤེས་ཚུགས་ནི། གློག་རིག་ནང་རྫོང་ཁའི་མཐུན་རྐྱེན་ཚུ་བཙུགས་ཏེ་ཚོང་འབྲེལ་འཐབ་ཚུགས་ནི་དང་། རྫོང་ཁའི་འགྲུལ་འཕྲིན་རིམ་ལུགས་ཚུའི་སྐོར་ལས་ཧ་གོ་ཚུགས་ནི་ཚུ་ཨིན། གོ་བསྡུར་ཞལ་འཛོམས་ཀྱི་སྐབས་ ...

གནས་ཚུལ་འཚོལ།

གསད།

གནས་ཚུལ་གྱི་གཏན་མཛོད།

བསམ་འཆར་བསྡུ་ལེན།