Loading Language ...
རྫོང་ཁ། English
རྫོང་ཁ་གོང་འཕེལ་ལྷན་ཚོགས།
ལོ་བསྟར་རྒྱུ་དངོས་གསལ་སྟོན་འབད་ནི་འདི་ སྤྱི་ལོ་ ༢༠༡༨ ཟླ་ ༣ པའི་ཚེས་ ༣༡ ལུ་མཇུག་བསྡུ་ནི་ཨིན་པའི་དྲན་གསོ།

རྫོང་ཁའི་གྲོས་ཚོགས།

རྫོང་ཁའི་མཁས་ཚོགས་ཞལ་འཛོམས་ཐེངས ༡ པ་འཚོགས་ཡོདཔ།

རྫོང་ཁའི་མཁས་ཚོགས་ཅིག་གཞི་བཙུགས་འབད་ཡོདཔ་བཞིན་དུ་ སྤྱི་ལོ་ ༢༠༡༨ ཟླ་ ༡ པའི་ཚེས་ ༨ ལས་ ༩ ཚུན་ ཉིནམ་གཉིས་ཀྱི་རིང་ ཐིམ་ཕུག་གི་ས་གནས་སར་སྦི་ཐང་ལུ་སྦེ་ ཞལ་འཛོམས་ཐེངས་ ༡ པ་འདི་འགོ་འདྲེན་འཐབ་ཅི།

རྫོང་ཁའི་འགུལ་བརྙནཤེལ་སྒྲོན་ཟེར་མི་་གསར་སྟོན་མཛད་ཡོདཔ།

རྫོང་ཁའི་འགུལ་བརྙནཤེལ་སྒྲོན་ཟེར་མི་་གསར་སྟོན་མཛད་ཡོདཔ།

གཞུང་སྐྱོང་མཆོག་གྱུར་གྱི་གན་ཡིག་གུ་མཚན་རྟགས་བཀོད་ཡོདཔ།

གཞུང་སྐྱོང་མཆོག་གྱུར་གྱི་གན་ཡིག་གུ་མཚན་རྟགས་བཀོད་ཡོདཔ།


ཡོངས་འབྲེལ་ཐོག་གི་ཚིག་མཛོད།

གཏན་མཛོད།


 རྫོང་ཁ་འདི་ འབྲུག་གི་རྒྱལ་ཡོངས་སྐད་ཡིག་ཨིན། ༼འབྲུག་གི་རྩ་ཁྲིམས་ཆེན་མོའི་རྩ་ཚན་ ༡(༨) པ།༽

འཆར་སྣང་།

རྒྱལ་ཁབ་ཀྱི་ཞི་བདེ་དང་། གཅིག་མཐུན། རྩ་བརྟན་གྱི་དོན་ལུ་ རྫོང་ཁ་འདི་འབྲུག་མི་ག་ར་གི་བརྡ་དོན་སྤྲོད་ལེན་གྱི་སྐད་ཡིག་གཙོ་ཅན་ཅིག་སྦེ་བཟོ་ནི།

དམིགས་སྐྱེད།

རྒྱལ་ཁབ་གོང་འཕེལ་གྱི་འགྱུར་བ་དང་བསྟུན་ཏེ་ རྒྱལ་ཡོངས་སྐད་ཡིག་ཡང་གོང་འཕེལ་དང་དར་ཁྱབ་བཏང་སྟེ་ཞབས་ཏོག་ཞུ་ནི། 

བརྩི་མཐོང༌།

འགན་འཁྲི། དྲང་བདེན། དྲང་སྤྱོད། དད་དམ།  ཁྱད་རིག། རང་དོན་བློས་གཏང་དང་ མཉམ་ལས་ཚུ་གིས་ལམ་སྟོན་འབད་ནི་ཨིན།

ཚིག་གསརཔ།

སྲིད་འབངས་རིག་པ།
ཚིག་སྡེ།: Noun
ཨིང་ལིཤ།: Civics
གོ་དོན།: རྒྱལ་ཁབ་ཀྱི་སྲིད་གཞུང་དང་མི་སེར་ཚུའི་འགན་ཁུར་དང། འགན་འཁྲི། ཁྱབ་དབང་དང་དབང་ཆ་ལ་སོགས་པའི་སྐོར་ལས་ལྷབ་ནི་ཡོད་པའི་ཤེས་ཡོན་ཅིག
དཔེར་བརྗོད།: པདྨ་འདི་སྲིད་འབངས་རིག་པ་ནང་གཙུག་གོང་མའི་ཤེས་ཡོན་སྦྱང་ནུག
གོམས་གཡོག
ཚིག་སྡེ།: noun
ཨིང་ལིཤ།: Internship
གོ་དོན།: ལཱ་གི་སྦྱང་བ་འཐོབ་ནིའི་དོན་ལུ་གནས་སྐབས་ཀྱི་གཡོག
དཔེར་བརྗོད།: ང་རྫོང་ཁ་གོང་འཕེལ་ལྷན་ཚོགས་ནང་ལུ་གོམས་གཡོག་འབདཝ་ཨིན།
འཆར་ཤོག
ཚིག་སྡེ།: noun
ཨིང་ལིཤ།: Web page
གོ་དོན།: ཡོངས་འབྲེལ་འཆར་སྒོའི་ནང་ཡི་གུ་ཚུ་བྲིས་ཡོད་པའི་ཤོག་ལེབ།
དཔེར་བརྗོད།: ཡོངས་འབྲེལ་ཐོག་གི་ཚིག་མཛོད་ཀྱི་འཆར་ཤོག་འདི་འཚོལ་མ་འཐོབ།

སྐད་ཡིག་དང་འབྲེལ་བའི་ཞབས་ཏོག

རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་མི་དམངས་ལུ་ མིང་ཚིག་གསར་བཟོ། སྐད་སྒྱུར། ཡིག་སྡེབ། བརྡ་སྦྱོར། ཞུན་དག་གི་ཞབས་ཏོག་ཚུ་ སྒོ་བྱང། བརྡ་བྱང། མིང་བྱང་། རས་བྱང་། རྡོ་རྟགས། ས་རྟགས། ལམ་རྟགས། ཨང་རྟགས། ཤོག་བྱང། སྦྱར་ཡིག་ཚུ་གི་དོན་ཚན་ཚུ་གི་ཐོག་ལུ་ཕུལཝ་ཨིན།

ཞབས་ཏོག་འདི་ཚུ་སྤྱོད་ནིའི་དོན་ལུ་  འོག་གི་འབྲི་ཤོག་འདི་བཀང་སྟེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་བདག་སྐྱོང་ནང་བཙུགས་གནང་། ཡང་ན་ གློག་འཕྲིན་ཁ་བྱང་ kdorji@dzongkha.gov.bt དང klhaden@dzongkha.gov.bt ནང་གཏང་གནང།

འབྲི་ཤོག་ཕབ་ལེན་འབད་ནིའི་ོདོན་ལུ་  ནཱ་ལུ་ཨེབ་གནང།

ཞབས་ཏོག་འདི་ གཟའ་སྤེནམ་གི་དྲོ་པ་ཆུ་ཚོད་ ༩:༣༠ ལས་ ཕྱི་རུ་ཆུ་ཚོད་ ༤:༠༠ ཚུན་ཕུལཝ་ཨིན། ཞུ་ཡིག་ཚུ་ གཟའ་སྤེནམ་གྱི་ཧེ་མ་ལས་བཏང་སྟེ་བཀྲིན་བསྐྱང་གནང་།

བསམ་འཆར་བསྡུ་ལེན།


པར་སྐྲུན་གསརཔ།

དཔེ་སྐྲུན་ག་ར་ལྷག

ཡིག་སྡེབ་ནོར་བཅོས།

  • འཛོལ་བ།
    ངོ་མ།
  • ཧང་སྟོང་མ།
    ཧང་ཏོ་མ།
    20 / ༠༤ / 2018
  • འགན་ཁྲི།
    འགན་འཁྲི།
    20 / ༠༤ / 2018
  • མཁྱེན་ཆེན།
    མཁན་ཆེན།
    20 / ༠༤ / 2018
  • ཁས་ཕན།
    ཁེ་ཕན།
    20 / ༠༤ / 2018
  • མཁོ་བསྔགས།
    མཁོ་མངག
    20 / ༠༤ / 2018
ནོར་བཅོས་ག་ར་ལྷག