རྫོང་ཁའི་དོན་ལུ་ Microsoft Word 2007 སྒྱུར་སྒྲིག

༡ བཅའ་སྒྲིག

(༡) གློག་རིག་ནང་བདག་སྐྱོང་གི་དབང་ཆ་(administrative privileges) ཐོག་འཛུལ་དགོཔ་ཁག་ཆེ།
(༢) རྫོང་ཁ་ལག་ལེན་འཐབ་བཏུབཔ་བཟོ་དོན་ལུ་ ཧེ་མ་ལས་འཁོད་མི་དོན་ཚན་ཚུ་དང་འཁྲིལ་ གློག་རིག་འདི་ནང་རྫོང་ཁ་ལག་ལེན་འཐབ་བཏུབཔ་བཟོ་དགོ། (གློག་རིག་ནང་ Input Method, fonts, and Complex Script ཚུ་བཙུགས་དགོ།)
(༣) གློག་རིག་ནང་ Microsoft Office 2007 དང་ དུས་མཐུན་དགོས་མཁོ་ཚུ་བཙུགས་དགོ།

༡ Microsoft Office ནང་སྐད་ཡིག་གནས་སྟངས་སྒྱུར་སྒྲིག

རིམ་པ་ ༡ པ།

"Start" ► "Programs"►"Microsoft Office" ► "Microsoft Office Tools" ► "Microsoft Office 2007 Language Settings" ནང་འཛུལ་དགོ།

Open wordoffice

རིམ་པ་ ༢ པ།

"Microsoft Office Language Settings 2007" བརྡ་དོན་སྒྲོམ་ནང་ "Available editing languages" འོག་གི་ཐོ་ནང་ལས་ "Tibetan (PRC)" འདི་གདམ་འཐུ་འབད་དགོ། དེ་ལས་ "Add" འདི་ཨེབ་དགོ། ཁྱོད་ཀྱིས་གདམ་འཐུ་འབད་མིའི་སྐད་ཡིག་འདི་ "Enabled editing languages" ཐོ་ནང་འཐོན་འོང་། དེ་ལས་ "OK" ཨེབ་དགོ།

Language settings


"Tibetan" གདམ་འཐུ་འབད་དགོ་མི་འདི་ Word 2007 ནང་ རྫོང་ཁའི་ཡིག་གཟུགས་ཚུ་གདམ་འཐུ་གྲངས་སུ་མེདཔ་མ་ཚད་ ཡི་གུ་དེའི་ལམ་ལུགས་དང་རྫོང་ཁའི་ལམ་ལུགས་འདི་གཅིག་ཨིན་པ་ལས་བརྟེན་ཨིན།

༢ རྫོང་ཁའི་ཡི་གུ་ལེགས་ཤོམ་འཐོན་ཐབས་བཟོ་ནི།

ཨིང་ལིཤ་ཡི་གུ་འདི་ཚུ་ བར་ནའི་ས་སྟོང་གིས་སྦེ་ཡི་གུ་དང་ གྱལ་གོང་འོག་འདི་ཁ་ཕྱེཝ་ཨིནམ་ད་ རྫོང་ཁའི་ནང་འབད་བ་ཅིན་ ཡི་གུ་བར་ནའི་ཚག་གིས་སྦེ་ཡི་གུ་དང་ གྱལ་གོང་འོག་བཅད་མཚམས་ཕྱེ་དགོཔ་ཨིན།  Word 2007 ནང་ རྫོང་ཁའི་ཡི་གུའི་ གྱལ་གོང་འོག་ལེགས་ཤོམ་སྦེ་ འཕྱལ་ཚུགསཔ་བཟོ་ཐབས་ལུ་ གཤམ་འཁོད་རིམ་པ་ཚུ་ལག་ལེན་འཐབ་དགོ།

Word options

རིམ་པ་ ༡ པ།

"Word Options" བརྡ་དོན་སྒྲོམ་ནང་ "Advanced" ► ནང་འཛུལ་ཏེ་ བརྡ་དོན་སྒྲོམ་དེའི་མཇུག་ལུ་འགྱོ་སྟེ་ "Compatibility options for:" གི་སྦོ་ལོགས་ཁར་ཡོད་པའི་གདམ་འཐུའི་ཐོ་ནང་ "All New Documents" འདི་གདམ་ཁ་རྐྱབ་དགོ། དེ་ལས་ དེའི་མཇུག་ལུ་ཡོད་པའི་ "Layout Options" གི་གདོང་ཁར་ཡོད་པའི་ "+" བརྡ་རྟགས་གུ་ཨེབ་དགོ།

Advanced

ད་རུང་ བརྡ་དོན་སྒྲོམ་གྱི་མཇུག་ལུ་འགྱོ་སྟེ་ "Use line breaking rules" འདི་འཚོལ་དགོ།  དེའི་གདོང་ཁར་ཡོད་པའི་སྒྲོམ་ཆུང་ནང་ བདེན་རྟགས་བཀོད་དགོ། དེ་ལས་ "OK" ཨེབ་དགོ།

༣ རྫོང་ཁའི་བཟོ་བཀོད་བཟོ་ཐབས།

༣་༡ རྫོང་ཁའི་གཏན་འཇགས་ཡིག་གཟུགས་སྒྲིག་བཀོད།

རིམ་པ་ ༡ པ།

Microsoft Word 2007 འདི་འགོ་བཙུགས།   དེའི་མགུ་ལས་ཕར་ཡོད་པའི་ Styles གི་འོག་ལུ་ "Normal" གི་བརྡ་སྟོན་པའི་གཡས་ཕྱོགས་གུ་ཨེབ་སྟེ་ Modify… གདམ་འཐུ་འབད་དགོ།

རིམ་པ་ ༢ པ།

"Modify Style" བརྡ་དོན་སྒྲོམ་ནང་ "New documents based on this template" གི་གདོང་ཁའི་སྒྲོམ་ནང་བདེན་རྟགས་བཀོད་དགོ། དེ་ལས་ "Format""Font…" གདམ་འཐུ་འབད་དགོ།

Modify1

རིམ་པ་ ༣ པ།

"Font" བརྡ་དོན་སྒྲོམ་ནང་ Complex scripts འོག་ལུ་ "DDC Uchen" ཡང་ན་ རྫོང་ཁ་ཡུ་ནི་ཀོཊ་ཡིག་གཟུགས་གཞན་ཅིག་གདམ་འཐུ་འབད་དེ་ "Font Style:"  འདི་ "Regular" གུ་བཀལ་ནི་དང་ "Size:" འདི་ "12" གུ་བཀལ་དགོ།

ཁྱོད་ལོག་སྟེ་ "Modify Style" བརྡ་དོན་སྒྲོམ་ནང་ལྷོདཔ་ད་ སེམས་ཁར་བཞག་དགོཔ་འདི་ "New Documents based on this template"  གདོང་ཁར་ཡོད་པའི་སྒྲོམ་ནང་བདེན་རྟགས་བཀོད་དེ་ "OK" ཨེབ་དགོ།

 

དེ་དང་འདྲཝ་སྦེ་ རྫོང་ཁའི་ཡིག་གཟུགས་ཐོག་ Heading 1, Heading 2, and Heading 3 བཟོ་བཀོད་ཚུ་བཟོ་བཏུབ། འདི་ཚུ་ཚར་རེ་བཟོཝ་ད་ "Modify Style"  བརྡ་དོན་སྒྲོམ་ནང་ "New documents based on this template" གི་གདོང་ཁའི་སྒྲོམ་ནང་བདེན་རྟགས་བཀོད་དེ་རྐྱངམ་གཅིག་ "OK" ཨེབ་དགོ།  འདི་ཚུ་འབད་བ་ཅིན་ ཚད་ལྡན་ཡིག་ཆ་བཟོ་བཀོད་ (Normal.dotx) འདི་དུས་མཐུན་བཟོཝ་ལས་ ནཱ་ལས་ཕར་གྱི་ཡིག་ཆ་གསརཔ་ག་ར་ནང་ བཟོ་བཀོད་འདི་རང་བཞིན་གྱིས་ལག་ལེན་འཐབ་བཏུབ།

༣་༢ རྫོང་ཁའི་ཡིག་ཆའི་ དོན་མཚམས་ཀྱི་བཟོ་བཀོད་བཟོ་ལུགས།

རིམ་པ་ ༡ པ།

Word གི་ཡི་གུ་བྲི་ས་སྟོངམ་ཅིག་ནང་ རྫོང་ཁ་ཡི་གུ་གྱལ་གཅིག་མཛུབ་གནོན་རྐྱབ་སྟེ་བྲི་སྦེ་ལྡེ་སྒྲོམ་ནང་ "Enter" གུ་ཨེབ་དགོ།

རིམ་པ་ ༢ པ།

ད་ལྟོ་གོང་ལུ་བྲིས་མིའི་ཡི་གུ་འདི་ གདམ་འཐུ་འབད་ཞིནམ་ལས་ དེའི་མགུ་ལས་ཕར་ཡོད་པའི་ "Fonts" ནང་ལྷོདཔ་ད་ དེའི་ཟུར་ཁར་ཐོན་མིའི་མདའ་རྟགས་གུ་ཨེབ་དགོ།

རིམ་པ་ ༣ པ།

"Font" བརྡ་དོན་སྒྲོམ་ནང་ "Latin text font" དང་ "Complex scripts" གཉིས་ཆ་རའི་ནང་ "DDC Uchen" ཡིག་གཟུགས་འདི་གདམ་འཐུ་འབད་དེ་ དེ་ལས་ "OK" ཨེབ་དགོ།

རིམ་པ་ ༤ པ།

ཁྱོད་ཀྱིས་མཛུབ་གནོན་རྐྱབ་མི་རྫོང་ཁའི་ཡི་གུ་འདི་གུ་ བརྡ་སྟོན་པའི་གཡས་ཕྱོགས་གུ་ཨེབ་དགོ། དེ་སྐབས་ཐོན་མིའི་ གློག་རིམ་དཀར་ཆག་ནང་ལུ་ "Styles…" ►Save Selection as a "New Quick Style…" ཨེབ་དགོ།

Dzongkha style

རིམ་པ་ ༥ པ།

Create New "Style from Formatting" བརྡ་དོན་སྒྲོམ་ནང་ "Dzongkha" ཟེར་མཛུབ་གནོན་རྐྱབ་སྦེ་ "Modify…" གུ་ཨེབ་དགོ།

Dzongkha style2

Dzongkha style4

རིམ་པ་ ༦ པ།

"Modify Style" བརྡ་དོན་སྒྲོམ་ནང་ "Add to Quick Style list" དང་ "New documents based on this template" ཟེར་མི་གཉིསཔོ་འདི་གདམ་འཐུ་འབད་དགོ། དེ་ལས་ "Format""Font" ནང་འགྱོ་དགོ།

རིམ་པ་ ༧ པ།

"Font" བརྡ་དོན་སྒྲོམ་ནང་ "Latin text" དང་ "Complex scripts" གཉིས་ཀྱི་འོག་ལུ་ "DDC Uchen" ཡིག་གཟུགས་འདི་གདམ་འཐུ་འབད་དགོ། དེ་ལས་ "OK" ཨེབ་དགོ།

རིམ་པ་ ༨ པ།

"Modify Style" བརྡ་དོན་སྒྲོམ་ནང་ "Format""Language" ནང་འགྱོ་དགོ། དེ་ནང་ "Language" བརྡ་དོན་སྒྲོམ་ནང་ རྫོང་ཁ་འདི་གདམ་འཐུ་གྲངས་སུ་མེདཔ་ལས་ "Tibetan (PRC)" འདི་གདམ་འཐུ་འབད་དེ་ "OK" གུ་ཨེབ་དགོ། དེ་ལས་ "Modify Style" བརྡ་དོན་སྒྲོམ་ནང་ལོག་ལྷོདཔ་ད་ "OK" ཨེབ་དགོ།

dzo styles

Dzongkha བཟོ་བཀོད་འདི་ Word 2007 གི་ Styles བརྡ་དོན་སྒྲོམ་ནང་འཐོན་འོང་།

༣་༣ རྫོང་ཁའི་ ཡིག་གཟུགས་ཀྱི་བཟོ་བཀོད་བཟོ་ལུགས།

རིམ་པ་ ༡ པ།

Word གི་ཡི་གུ་བྲི་ས་སྟོངམ་ཅིག་ནང་ ཨིང་ལིཤ་དང་རྫོང་ཁའི་ཡི་གུ་གྱལ་གཅིགདེ་ཅིག་མཛུབ་གནོན་རྐྱབ་སྟེ་ ལྡེ་སྒྲོམ་ནང་ "Enter" གུ་ཨེབ་དགོ། རྫོང་ཁའི་ཡི་གུ་འདི་ ཁྱོད་ར་གིས་དགའ་མིའི་ཡིག་གཟུགས་ (དཔྱེ་འབདན་ "DDC Uchen" བཟུམ་) ཅིག་གི་བཟོ་བཀོད་གུ་བཀོད་དགོ།

text styles

རིམ་པ་ ༢ པ།
གོང་ལུ་མཛུབ་གནོན་རྐྱབ་མི་ རྫོང་ཁའི་ཡི་གུ་འདི་རྐྱངམ་གཅིག་གདམ་འཐུ་འབད་དེ་ བརྡ་སྟོན་པའི་གཡས་ཕྱོགས་གུ་ཨེབ་ད་ དེ་སྐབས་ཐོན་མིའི་ གློག་རིམ་དཀར་ཆག་ནང་ "Choose Styles…" ► Save Selection as "New Quick Style" འདི་གདམ་འཐུ་འབད་དགོ།

རིམ་པ་ ༣ པ།

"Create New Style from Formatting" བརྡ་དོན་སྒྲོམ་ནང་ Name: འོག་ལུ་རྫོང་ཁའི་ཡིག་གཟུགས་གཅིག་ (དཔྱེ་འབདན་ DDC Uchen) གི་མིང་བཙུགས་ཏེ་ "Modify…" གུ་ཨེབ་དགོ།

char styles

"Create New Style from Formatting" བརྡ་དོན་སྒྲོམ་ནང་ "Style type:" འདི་ "Character" གུ་བཀོད་དགོཔ་དང་ "Style based on:" འདི་ "Default Paragraph Font" གུ་བཀོད་དགོ། དེ་ལས་ "New documents based on this template" གདོང་ཁའི་སྒྲོམ་ནང་བདེན་རྟགས་བཀོད་དེ་ "Format""Font…" གདམ་ཁ་རྐྱབ་དགོ།
                           
"Latin text" དང་ "Complex scripts" གཉིས་ཆ་ར་ནང་ རྫོང་ཁའི་ཡིག་གཟུགས་ཅིག་གདམ་འཐུ་འབད་དགོ།  "Font Style:" དང་ "Size:" འོག་ལུ་ག་ཅི་ཡང་མ་བཙུགས་པར་བཞག་དགོ། དེ་ལས་ བརྡ་དོན་སྒྲོམ་འདི་དང་ བརྡ་དོན་སྒྲོམ་གཉིས་ཀྱི་གཤམ་ལུ་ "OK" ཨེབ་སྟེ་ ཕྱིར་ཐོན་འབད་བ་ཅིན་ ཡིག་གཟུགས་བཟོ་བཀོད་འདི་ཚུད་དེ་སྡོད་འོང་།

དེ་དང་འདྲཝ་སྦེ་ རྫོང་ཁའི་དོན་ལུ་ "DDC Wangdi" དང་ "Jomolhari" ཟེར་བའི་ཡིག་གཟུགས་བཟོ་བཀོད་གསརཔ་གཉིས་བཟོ་བཞག     Word གི་ནང་ན་ རྫོང་ཁའི་ཡིག་གཟུགས་ལག་ལེན་འཐབ་དགོཔ་དང་ སོར་དགོཔ་རེ་ཐོན་པ་ཅིན་ ད་ལྟོ་གོང་ལུ་བཟོ་མིའི་བཟོ་བཀོད་ཚུ་ལག་ལེན་འཐབ།  གོང་འཁོད་བཟོ་བཀོད་ཚུ་བཟོ་དགོ་མི་འདི་ཡང་ Word གི་ནང་ན་ མཛུབ་གནོན་རྐྱབ་ཡོད་པའི་རྫོང་ཁའི་ཡི་གུ་ནང་ ཡིག་གཟུགས་ག་ཐོབ་བཙུགས་བྱིན་ནིའི་དཀའ་ངལ་འདི་བཀག་ཚུགསཔ་ཨིན།