རྫོང་ཁའི་དོན་ལུ་ Microsoft Word 2003 སྒྱུར་སྒྲིག

བཅའ་སྒྲིག

(༡) རྫོང་ཁ་ལག་ལེན་འཐབ་བཏུབཔ་བཟོ་དོན་ལུ་ ཧེ་མ་ལས་འཁོད་མི་དོན་ཚན་ཚུ་དང་འཁྲིལ་ གློག་རིག་འདི་ནང་རྫོང་ཁ་ལག་ལེན་འཐབ་བཏུབཔ་བཟོ་དགོ། (གློག་རིག་ནང་ Input Method, fonts, and Complex Script ཚུ་བཙུགས་དགོ།)  
(༢) གློག་རིག་ནང་ Microsoft Office 2003 དང་ དུས་མཐུན་དགོས་མཁོ་ཚུ་བཙུགས་དགོ།

༡ Microsoft Office ནང་སྐད་ཡིག་གནས་སྟངས་སྒྱུར་སྒྲིག།

རིམ་པ་ ༡ པ།

"Start""Programs""Microsoft Office" "Microsoft Office Tools""Microsoft Office Language Settings" ནང་འཛུལ་དགོ།

Langauge settings

"Office 2003 Language Settings" བརྡ་དོན་སྒྲོམ་ནང་ "Available languages" འོག་གི་ཐོ་ནང་ལས་ རྒྱབ་སྐྱོར་ཡོད་པའི་ complex script སྐད་ཡིག་ཅིག་གདམ་འཐུ་འབད་དགོ། དེ་ལས་ "Add >>" འདི་ཨེབ་དགོ། ཁྱོད་ཀྱིས་གདམ་འཐུ་འབད་མིའི་སྐད་ཡིག་འདི་ "Enabled languages" ཐོ་ནང་འཐོན་འོང་། དེ་ལས་ "OK" ཨེབ་དགོ། དྲན་ཐོཿ  complex script ནང་ན་ སྐད་ཡིག་ག་འབད་རུང་ཅིག་ (དཔྱེ་འབདན་Sanskrit, Hindi, Nepali, or Thai) གདམ་འཐུ་འབད་བར་ཁྱད་མེད་མི་འདི་Word 2003 ནང་ རྫོང་ཁའི་ཡིག་གཟུགས་ཚུ་གདམ་འཐུ་གྲངས་སུ་མེད་པ་ལས་བརྟེན་ཨིན།

Langauge add

༢ རྫོང་ཁའི་ཡི་གུ་ལེགས་ཤོམ་འཐོན་ཐབས་བཟོ་ནི།

ཨིང་ལིཤ་ཡི་གུ་འདི་ཚུ་ བར་ནའི་ས་སྟོང་གིས་སྦེ་ཡི་གུ་དང་ གྱལ་གོང་འོག་འདི་ཁ་ཕྱེཝ་ཨིནམ་ད་ རྫོང་ཁའི་ནང་འབད་བ་ཅིན་ ཡི་གུ་བར་ནའི་ཚག་གིས་སྦེ་ཡི་གུ་དང་ གྱལ་གོང་འོག་བཅད་མཚམས་ཕྱེ་དགོཔ་ཨིན།  Word 2003 ནང་ རྫོང་ཁའི་ཡི་གུའི་ གྱལ་གོང་འོག་ལེགས་ཤོམ་སྦེ་ འཕྱལ་ཚུགསཔ་བཟོ་ཐབས་ལུ་ གཤམ་འཁོད་རིམ་པ་ཚུ་ལག་ལེན་འཐབ་དགོ།

རིམ་པ་ ༡ པ།

Microsoft Word 2003 འདི་འགོ་བཙུགས། དེ་ལས་ "Menu""Tools""Options…" ནང་འཛུལ་དགོ།

རིམ་པ་ ༢ པ།

"Options" བརྡ་དོན་སྒྲོམ་ནང་ "Compatibility""Options" ནང་འཛུལ་ཏེ་ "Use line breaking rules" འདི་གུ་བདེན་རྟགས་བཀོད་སྦེ་ དེ་ལས་ "Default…" གུ་ཨེབ་དགོ།

རིམ་པ་ ༣ པ།

"Do you want to change the default compatibility options?" ཟེར་བའི་བརྡ་དོན་སྒྲོམ་འདི་ཐོནམ་ད་ "Yes" གུ་ཨེབ་པ་ཅིན་ ཡིག་ཆ་གསརཔ་ག་ར་ལུ་ ལག་ལེན་འཐབ་སྟེ་འགྱོ་འོང་།

རིམ་པ་ ༤ པ།

"Options" བརྡ་དོན་སྒྲོམ་ནང་ "OK" ཨེབ་སྟེ་བསྒྱུར་བཅོས་ཚུ་ཚུད་པའི་ཤུལ་ལས་ཕྱིར་ཐོན་འབད་དགོ།

Line breaking

༣ རྫོང་ཁའི་བཟོ་བཀོད་བཟོ་ཐབས།

༣་༡ རྫོང་ཁའི་གཏན་འཇགས་ཡིག་གཟུགས་སྒྲིག་བཀོད།

རིམ་པ་ ༡ པ།

Microsoft Word 2003 འདི་འགོ་བཙུགས། དེ་ལས་ "Menu""Format""Styles and Formatting" ནང་འཛུལ་དགོ།

style and formatting

རིམ་པ་ ༢ པ།

བཟོ་བཀོད་ཀྱི་ཐོ་ཚུ་གཡས་ཁ་ཐུག་གི་དཀར་ཆག་ནང་འཐོན་འོང་། འདི་ནང་ "Normal""Modify…" འདི་གདམ་འཐུ་འབད་དགོ།

Modify normal style

རིམ་པ་ ༣ པ།

"Modify Style" བརྡ་དོན་སྒྲོམ་ནང་ "Add to template" འདི་གུ་བདེན་རྟགས་བཀོད་དགོ། དེ་ལས་ "Format""Font…" འདི་གདམ་འཐུ་འབད་དགོ།

རིམ་པ་ ༤ པ།

"Font" ཡིག་སྣོད་ནང་ན་ "Complex scripts" ཟེར་བའི་བརྡ་དོན་སྒྲོམ་གུ་བདེན་རྟགས་བཀོད་དེ་ "DDC Uchen" ཡང་ན་ རྫོང་ཁ་ཡུ་ནི་ཀོཊ་ཡིག་གཟུགས་གཞན་གདམ་འཐུ་འབད་དགོ། དེ་ལས་ "OK" ཨེབ་དགོ།

ཁྱོད་ལོག་སྟེ་ "Modify Style" བརྡ་དོན་སྒྲོམ་ནང་ལྷོདཔ་ད་ "Add to template" གུ་བདེན་རྟགས་བཀོད་དེ་ "OK" ཨེབ་དགོ།

དེ་དང་འདྲཝ་སྦེ་ ཡིག་ཆའི་འགོ་ཡིག་བཟོ་རྣམ་མ་འདྲཝ་བཟོ་ནིའི་ Heading 1, Heading 2, and Heading 3 ཚུ་ནང་ཡང་ རྫོང་ཁའི་ཡིག་གཟུགས་མ་འདྲཝ་བཀོད་བཏུབ། བཟོ་བཀོད་རེ་རེ་བཞིན་དུ་བཀོད་པའི་སྐབས་ "Add to template" ཟེར་མིའི་སྒྲོམ་ནང་བདེན་རྟགས་བཀོད་པའི་ཤུལ་ལས་རྐྱངམ་གཅིག་ "Modify Style" ནང་ "OK" ཨེབ་དགོ། འདི་ཚུ་འབད་བ་ཅིན་ ཚད་ལྡན་ཡིག་ཆ་བཟོ་བཀོད་ (Normal.dot) འདི་དུས་མཐུན་བཟོཝ་ལས་ ནཱ་ལས་ཕར་གྱི་ཡིག་ཆ་གསརཔ་ག་ར་ནང་ བཟོ་བཀོད་འདི་རང་བཞིན་གིས་ལག་ལེན་འཐབ་བཏུབ།


Modify

 

༣་༢ རྫོང་ཁ་ཡིག་ཆའི་ དོན་མཚམས་ཀྱི་བཟོ་བཀོད་བཟོ་ལུགས།

རིམ་པ་ ༡ པ།

Styles and Formatting བརྡ་དོན་སྒྲོམ་ནང་ "New Style…" གུ་ཨེབ་དགོ།

Dzongkha style

རིམ་པ་ ༢ པ།

"New Style" བརྡ་དོན་སྒྲོམ་ནང་ "Add to template" སྒྲོམ་ནང་བདེན་རྟགས་བཀོད་དེ་ གཤམ་འཁོད་གནས་ཐོ་ཚུ་བཙུགས་དགོ།

"Name:" "Dzongkha"
"Style type:" "Paragraph"
"Style based on:" "Normal"
"Style for following paragraph:" "Dzongkha"

དེ་ལས་ "Format""Font…" གདམ་འཐུ་འབད་དགོ། "Font" གི་བརྡ་དོན་སྒྲོམ་ནང་ཡོད་པའི་ "Latin text font" དང་ "Complex scripts" འོག་ལུ་ "DDC Uchen" ཡིག་གཟུགས་ ཡང་ན་ རྫོང་ཁ་ཡུ་ནི་ཀོཊ་ཡིག་གཟུགས་གཞན་ཅིག་ གདམ་འཐུ་འབད་དགོ། དེ་ལས་ "OK" ཨེབ་དགོ།  

"Modify Style" བརྡ་དོན་སྒྲོམ་ནང་ལོག་ལྷོདཔ་ད་ "OK" མ་ཨེབ་པའི་ཧེ་མ་ "Add to template" བརྡ་དོན་སྒྲོམ་ནང་ བདེན་རྟགས་བཀོད་གནང་དགོཔ་ཁག་ཆེ།

༣་༣ རྫོང་ཁའི་ ཡིག་གཟུགས་ཀྱི་བཟོ་བཀོད་བཟོ་ལུགས།

རྫོང་ཁའི་ཡིག་གཟུགས་རེ་རེ་ལུ་ བཟོ་བཀོད་བཟོ་ནི་ཨིན། དོན་མཚམས་རེ་རེའི་ནང་འཁོད་ཀྱི་ ཚིག་ཡིག་ཚུ་ལུ་ ཡིག་གཟུགས་བཟོ་བཀོད་ལག་ལེན་འཐབ་བཏུབཔ་ཨིན།

རིམ་པ་ ༡ པ།

"Styles and Formatting" བརྡ་དོན་སྒྲོམ་ནང་ "New Style…" གུ་ཨེབ་དགོ།

Fonts

རིམ་པ་ ༢ པ།

"New Style" བརྡ་དོན་སྒྲོམ་ནང་ "Add to template" སྒྲོམ་ནང་བདེན་རྟགས་བཀོད་དེ་ གཤམ་འཁོད་གནས་ཐོ་ཚུ་བཙུགས་དགོ།

"Name:" "Dzongkha"
"Style type:" "Character"
"Style based on:" "Default paragraph font"

དེ་ལས་ "Format""Font…" གདམ་འཐུ་འབད་དགོ། "Font" གི་བརྡ་དོན་སྒྲོམ་ནང་ཡོད་པའི་ "Latin text font" དང་ "Complex scripts" འོག་ལུ་ "DDC Uchen" ཡིག་གཟུགས་ ཡང་ན་ རྫོང་ཁའི་ཡིག་གཟུགས་གཞན་ཅིག་ གདམ་འཐུ་འབད་དགོ། དེ་ལས་ "OK" ཨེབ་དགོ།  

Font style, size, དང་གཞན་ཚུ་ནང་ ག་ཅི་ཡང་བཀོད་མི་དགོ། དེ་གི་ཤུལ་ལས་ "Font" གདམ་འཐུ་འབད་སའི་བརྡ་དོན་སྒྲོམ་དང་ "New Style" བརྡ་དོན་སྒྲོམ་ནང་  "OK" ཨེབ་སྟེ་ཕྱིར་ཐོན་འབད་དེ་ བཟོ་བཀོད་འདི་ཚུད་འོང་།

text styles

དེ་དང་ཆ་འདྲཝ་སྦེ་ ཡིག་གཟུགས་ཀྱི་བཟོ་བཀོད་གསརཔ་ "DDC Wangdi" དང་ "Jomolhari" གཉིས་མིང་ཡང་འདི་དང་ཆ་འདྲཝ་སྦེ་བཟོ་བཞག།  Word ནང་ན་ རྫོང་ཁའི་ཡིག་གཟུགས་འདི་ ཁ་མར་འཐོན་བཏུབ་པའི་རྫོང་ཁའི་ཡིག་གཟུགས་ཀྱི་ཐོ་ནང་ལས་མེན་པར་ བཟོ་བཀོད་འདི་ཚུ་ལག་ལེན་འཐབ་ཐོག་ རྫོང་ཁའི་ཡིག་གཟུགས་སོར་ནི་དང་ ལག་ལེན་འཐབ་ནི་ཚུ་མཛད་དགོ།  དེ་གི་ཕན་པ་འདི་ རྫོང་ཁའི་ཡིག་ཆ་ཚུ་ནང་ མནོ་མིའི་ཡིག་གཟུགས་མེན་པའི་གཞན་ཐོན་མི་ཚུ་བཀག་ཚུགས།