Configuring LibreOffice for Dzongkha

Libreoffice ཟེར་མི་ག་ཅི་སྨོ?

Libreoffice ཟེར་མི་འདི་ Document Foundation གིས་བཟོ་མི་ རིན་མེད་སྟོང་པ་སྦེ་ལག་ལེན་འཐབ་བཏུབ་ནི་དང་ དེ་ནང་གི་བཟོ་བཀོད་གསང་ཡིག་ཚུ་ཡང་ མི་མང་གི་སྤྱིར་དབང་ལུ་བཞག་ཡོདཔ་ལས་ འགྱུར་བཅོས་འབད་དེ་ལག་ལེན་འཐབ་བཏུབ་པའི་གློག་རིག་མཉེན་ཆས་ཅིག་ཨིན། འདི་ཡང་སྤྱི་ལོ་༢༠༡༠ གྱི་ལོ་ལུ་ openoffice.org ལས་ཁ་འགྱེས་ཏེ་བཟོ་ཡོདཔ་ཨིན་པས། དམིགས་བསལ་དུ་ རྫོང་ཁའི་ནང་ལཱ་འབད་ནི་དོན་ལུ་འདི་ Micrisoft Office བ་འདི་ Libreoffice འདི་ལེ་ཤ་གིས་དྲག དེ་ཡང་ རྫོང་ཁའི་ཨང་གྲངས་དང་ ཚེས་གྲངས་ ཡི་གུ་ཚུ་ཚིག་མཛོད་ཀྱི་རིམ་པ་དང་འཁྲིལ་ཏེ་རིམ་སྒྲིག་འབད་ནི་ཚུ་ རང་བཞིན་གྱིས་འབད་བཏུབཔ་ཨིན།

རིམ་ལུགས་གྲ་སྒྲིག་འབད་ཐངས།

  1. ༡. རྗོང་ཁའི་ཡུ་ནི་ཀོཌ་ གློག་རིག་ནང་བཙུགས་ནིའི་ལམ་སྟོན༌དང༌འཁྲིལ༌ཏེ༌ཁྱོད་རའི་གློག་རིག་འདི་ནང་རྫོང་ཁ་ལག་ལེན་འཐབ་བཏུབ་བཟོ་དགོ། ༼རྫོང་ཁའི་ལྡེ་སྒྲོམ་དང་ཡི་གུ་དེ་ལས་ཡི་གུ་ལག་ལེན་འཐབ་ནི་ཚུ་ཚུལ་མཐུནམ་སྦེ་བཙུགས་དགོ།༽
  2. ༢. Libreoffice གི་ཐོན་རིམ་གསརཔ་ཕབ་ལེན་འབད་དེ་ ཁྱོད་རའི་གློག་རིག་ནང་ལུ་བཙུགས་དགོ།

Libreoffice བཙུགས་ཐངས།

རྫོང་ཁ་ལག་ལེན་གྱི་དོན་ལུ་ Libreoffice རིམ་སྒྲིག་འབད་ཐངས།

༡. complex text དང་རྫོང་ཁ་ལག་ལེན་འཐབ་བཏུབ་བཟོ་དགོཔ།

Libreoffice Writer འདི་འགོ་བཙུགས་དགོ།

Menu bar ནང་ལས་ ToolsOptionsLanguage SettingsLanguages གདམ་ཁ་རྐྱབ། "Language of" གི་འོག་ལུ་ཡོད་པའི་ "Locale Setting" གི་དོན་ལུ་རྫོང་ཁ་གདམ་ཁ་རྐྱབ་དགོ། "Default Languages for Documents" གི་འོག་ལུ་ "CTL" གི་དོན་ལུ་རྫོང་ཁ་གདམ་ཁ་རྐྱབ་སྟེ་ "ok" ཨེབ་གནང་། "Complex text layout" འདི་ Libreoffice ནང་ལུ་རྫོང་ཁའི་ཡི་གུ་དང་གཅིག་ཁར་ ལཱ་འབད་བཏུབ་ནི་གི་དོན་ལུ་དགོཔ་ཨིན།

Liberoffice-language settings

༢. རྫོང་ཁའི་ཡི་གུ་སྔར་སྒྲིག་སྦེ་བཟོ་ཐངས།

ད་ནཱ་ལས་མར་ ཡི་གུ་གདམ་ཁ་རྐྱབ་དགོ་ས་ལུ་ "Western" text (ཨིང་སྐད་ཡིག་གཟུགས།) དང་ complex text, "CTL" (རྫོང་ཁའི་ཡིག་གཟུགས།) གི་དོན་ལུ་ཡི་གུ་གཉིས་རེ་གདམ་ཁ་རྐྱབ་དགོཔ་སྦེ་འཐོན་འོང་།

  • རྫོང་ཁའི་ཡི་གུ་སྔར་སྒྲིག་བཟོ་ནི་གི་དོན་ལུ་ ToolsoptionsOpenOffice WriterBasic Fonts (CTL) གདམ་ཁ་རྐྱབ་དགོ།>
Basic Fonts Dialouge

DDC Uchen ཡང་ན་ Jomolhari འདི་ཁྱོད་ཀྱི་ CTL གི་ཡི་གུ་སྔར་སྒྲིག་སྦེ་རིམ་སྒྲིག་འབད་དགོ། ༼དེ་འབདཝ་ད་ རྫོང་ཁའི་ཡི་གུ་འདི་ཚུ་ ཧེ་མ་ལས་རང་བཙུགས་ཏེ་དགོཔ་ལས་ ཡི་གུ་འདི་ནཱ་ལས་ཐོབ་ཚུགས།༽


ད་ ཁྱོད་ཀྱི་གློག་རིག་ལྡེ་སྒྲོམ་གུ་ལས་རྫོང་ཁ་དང་ཨིང་ལིཤ་གི་ཡི་གུ་སོར་ཏེ་ Libreoffice ནང་ལུ་རྫོང་ཁ་དང་ཨིང་ལིཤ་གི་ཡི་གུ་མཛུབ་གནོན་འབད་ཚུགས། ལྡེ་སྒྲོམ་ཐོག་ལས་ཡི་གུ་འདི་སོར་ཚུགས།

༣. ང་ཁའི་ཐོ་ཡིག་རང་བཞིན་གྱིས་རིམ་སྒྲིག་འབད་ཐངས།

རྫོང་ཁའི་ཚིག་མཛོད་ཀྱི་གོ་རིམ་དང་འཁྲིལ་ཏེ་ Libreoffice གིས་རྫོང་ཁའི་ཚིག་དང་ཐོ་ཡིག་ཚུ་རང་བཞིན་གྱིས་རིམ་སྒྲིག་འབད་ཚུགས།

འདི་གགི་དོན་ལུ་ དང་པ་རང་ རིམ་སྒྲིག་འབད་དགོ་པའི་རྫོང་ཁའི་ཐོ་ཡིག་དང་ཐིག་ཁྲམ་ནང་གི་ཚིག་ཚུ་གདམ་ཁ་རྐྱབ།. Wiའདི་གི་ཤུལ་ལས་ ToolsSort ནང་སོང་སྟེ་ Sort ནང་གི་ "Language" གི་འོག་ལུ་ཡོད་པའི་ "རྫོང་ཁ" གདམ་ཁ་རྐྱབ་སྟེ་ "ok" ཨེབ་གནང་། ཁྱོད་ཀྱི་ཐོ་ཡིག་ཡང་ན་ ཐིག་ཁྲམ་འདི་ རྫོང་ཁའི་ལམ་ལུགས་དང་འཁྲིལ་ཏེ་ རིམ་སྒྲིག་འབད་འོང་།

sorting

 

༤. རྫོང་ཁའི་ཨང་གྲངས་ཚུ་རང་བཞིན་གྱིས་བཙུགས་ཐངས།

གནས་སྡུད་དང་ཨང་ཡིག་གི་གདམ་ཁ་བཟོ་ཐངས།

རྫོང་ཁའི་ཨང་ཡིག་ཚུ་རང་བཞིན་གྱིས་ཐོན་བཏུབ་བཟོ་ནི་ལུ་ དང་པ་རང་ Libreoffice ནང་ལུ་འོས་བབས་དང་ལྡན་པའི་གདམ་ཁ་ཚུ་བཙུགས་དགོ།

Libreoffice writer ནང་གི་ ToolsOptionsLanguage SettingsComplex Text Layout གདམ་ཁ་རྐྱབ་སྟེ་ Lanuguage Settings - Complex Text Layout ནང་གི་ "General Options: Numerals" འོག་གི་ "system" གདམ་ཁ་རྐྱབ་སྟེ་ "ok" ཨེབ་གནང་།

 

ཨང་རྟགས་ཡོད་པའི་ཐོ་ཡིག

  • ཨང་ཡིག་བཀོད་དགོ་པའི་རྫོང་ཁའི་ཐོ་ཡིག་འདི་གདམ་ཁ་རྐྱབ་ཞིནམ་ལས་ formatting toolbar ནང་གི་ཨང་ཡིག་གི་པར་རྟགས་གུ་ཨེབ་གནང་།
Numbering a list 1\
  • ཨང་ཡིག་ཚུ་རང་བཞིན་གྱིས་འཛུལ་སྡོད་འོང་།


  • གལ་སྲིད་ཨང་ཡིག་འདི་ཚུ་ཚུལ་མཐུནམ་སྦེ་མ་འཐོན་པ་ཅིན་ ཐོ་ཡིག་གདམ་ཁ་རྐྱབ་སྟེ་ formatting toolbar ལག་ལེན་འཐབ་ཐོག་ལས་ རྫོང་ཁའི་ཡི་གུ་གཅིག་གདམ་ཁ་རྐྱབ་སྟེ་ལག་ལེན་འཐབ་དགོ།
  • ཨང་ཡིག་གི་བཟོ་རྣམ་དང་ཡི་གུ་ཚུ་ Styles and Formatting ནང་གི་ List styles pane ལག་ལེན་འཐབ་ཐོག་ལས་བསྒྱུར་བཅོས་འབད་བཏུབ།
  • འགོ་ཡིག་དང་འགོ་ཡིག་ནང་གསེས་ཚུ་ཡང་ ཅོག་རང་འཐདཔ་སྦེ་ Menu ནང་གི་ FormatBullets and Numbering ནང་སོང་སྟེ་ཨང་ཡིག་བཀོད་བཏུབ།

 

ཤོག་གྲངས།

ཡིག་ཆ་གི་མཇུག་ཐིག་ནང་ལུ་ ཤོག་གྲངས་འདི་འཇམ་ཏོང་ཏོ་སྦེ་བཙུགས་ཚུགས། Libreoffice ནང་གི་ གནས་སྡུད་འདི་རྫོང་ཁ་གུ་བཀལ་ཏེ་ཡོད་པ་ཅིན་ རྫོང་ཁའི་ཨང་གྲངས་འདི་ཚུ་ལག་ལེན་འཐབ་བཏུབ།
ཤོག་གྲངས་བཙུགས་ཐངས།
  • ཁྱོད་ཀྱི་ Insertfooter ནང་སོང་སྟེ་ མཇུག་ཐིག་ལུ་བཀོད་དགོ་པའི་ ཤོག་ལེབ་ཀྱི་བཟོ་རྣམ་གདམ་ཁ་རྐྱབ།

  • ཁྱོད་ཀྱི་ Insertfooter ནང་སོང་སྟེ་ མཇུག་ཐིག་ལུ་བཀོད་དགོ་པའི་ ཤོག་ལེབ་ཀྱི་བཟོ་རྣམ་གདམ་ཁ་རྐྱབ། འདི་གི་ཤུལ་ལས་ InsertFieldsPage Number ཨེབ་དགོ།

ཡི་གུ་ནང་ལུ་བཟོ་དོ་བཟུམ་སྦེ་ ཤོག་གྲངས་ཚུ་ཡང་ཤོག་ལེབ་ཀྱི་གཡས་དང་གཡོན་ དེ་ལས་སྦུག་ནའི་ས་ཁོངས་ག་དགའ་སར་ཁྱོད་རའི་བློ་འདོད་ལྟར་བཀལ་བཏུབ་ཨིན།

ཤོག་གྲངས་ཀྱི་ཡི་གུ་འདི་ཨང་སྦེ་མེན་པར་ སྒྲོམ་ ཡང་ན་ དྲི་རྟགས་སྦེ་འཐོན་པ་ཅིན་ ཤོག་གྲངས་ཨང་འདི་གདམ་ཁ་རྐྱབ་སྟེ་ ལག་རྟའི་གཡས་གནས་འདི་ཨེབ་དགོ། དེ་གི་ཤུལ་ལས་ Font འོག་གི་རྫོང་ཁའི་ཡི་གུ་ "DDC Uchen" ཡང་ན་ རྫོང་ཁའི་ཡིག་གཟུགས་གཞན་ཅིག་གདམ་ཁ་རྐྱབ་དགོ།