རྫོང་ཁའི་ཚིག་མཛོད་རིམ་ལུགས།

ངོ་སྤྲོད།

རིམ་ལུགས་འདི་ནང་ གཙོ་བོ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ རྫོང་ཁའི་ཚིག་མཛོད་དང་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ ༼རྫོང་ཁ་ལས་ཨིང་སྐད་དང་ ཨིང་སྐད་ལས་རྫོང་ཁ་༽ ཚུ་བཙུགས་ཏེ་ཡོདཔ་ཨིན། ཚིག་མཛོད་གསུམ་བཙུགས་ཡོད་པའི་འགྲུལ་འཕྲིན་རིམ་ལུགས་འདི་གིས་རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཚིག་མཛོད་ཚུ་འཇམ་ཏོང་ཏོ་སྦེ་ལག་ལེན་འཐབ་ཚུགསཔ་བཟོ་སྟེ་ འབྲུག་མི་ཚུ་གིས་ རྫོང་ཁ་འདི་བརྡ་དོན་སྤྲོད་ལེན་གྱི་དོན་ལུ་ ཁ་སྐད་ངོ་མ་ཅིག་སྦེ་ལག་ལེན་འཐབ་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་འོང།

རིམ་ལུགས་འདི་ མི་མང་ཞབས་ཏོག་ཡར་རྒྱས་གཏང་ནི་ལུ་དམིགས་ཏེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཡིག་ཚང་གིས་འབྲུག་གི་བློན་ཆེན་ཡིག་ཚང་འོག་གི་གཞུང་ལས་མི་སེར་ཞབས་ཏོག་ཡིག་ཚང་དང་མཉམ་འབྲེལ་ཐོག་ལས་བཟོ་བཟོཝ་ཨིན།

ཁྱད་ཆོས།

  • རིམ་ལུགས་འདི་ལག་ལེན་འཐབ་ནིའི་དོན་ལུ་ཡོངས་འབྲེལ་མི་དགོ།
  • ལག་ལེན་པ་ཚུ་གིས་ ཚིག་ཚུ་རྫོང་ཁ་དང་ཨིང་སྐད་གཉིས་ཆ་རའི་ནང་འཚོལ་ཚུགས།.
  • ཚིག་གི་སྡེ་ཚན་དང་གོ་དོན་ཚུ་འཐོབ་ཚུགས།
  • རྫོང་ཁའི་ནང་འཚོལ་ནིའི་དོན་ལུ་ རྫོང་ཁ་ཡོད་པའི་ལྡེ་སྒྲོམ་ཅིག་བཙུགས་དགོ།

ཕབ་ལེན་འབད།

ཨེན་ཌོའིཌ

ཐོན་རིམ། ༠.༠༤ - ༡༨/༡༢/༢༠༡༦

ཨན་དྲོའིཊ་གི་ཐོན་རིམ་ ༤་༤་༢ དང་ཡན་ཆད་དགོ།

ཨའི་ཨོ་ཨེས

ཐོན་རིམ། 1.0 - 12/09/2016

ཨའི་ཨོ་ཨེས་གི་ཐོན་རིམ་ ༨.༠ ལས་ཡན་ཆད་དགོ།

རིམ་ལུགས་འདི་ ད་ལྟོ་བརྟག་དཔྱད་འབད་བའི་བསྒང་ཨིནམ་ལས་ བསམ་འཆར་ཚུ་བཀོད་གནང།