ཡོངས་འབྲེལ་འཆར་སྒོ་ཚུ་ནང་རྫོང་ཁའི་ཡིག་གཟུགས་ལེགས་ཤོམ་སྦེ་མཐོང་ནིའི་དོན་ལས་རིམ་སྒྲིག་འབད་ཐངས།

|Internet Exlporer|Firefox|Google Chrome|

ཕཱེས་བུཀ་ དང་ཡོངས་འབྲེལ་འཆར་སྒོ་ལ་ལུ་ཅིག་ནང་ རྫོང་ཁ་ལེགས་ཤོམ་སྦེ་མཐོང་ནིའི་དོན་ལས་ རིམ་སྒྲིག་འབད་དགོ

གྲ་སྒྲིག་འབད་ཐངས།

  • ཁྱོད་ཀྱི་གློག་རིག་ནང་ལུ་ རྫོང་ཁའི་ལྡེ་སྒྲོམ་དང་ཡི་གུ་ཧེ་མ་ལས་རང་བཙུགས་ཏེ་དགོ།
  • དེ་འབདཝ་འབདཝ་མེད་པ་ཅིན་ ནཱ་ལུ་ཨེབ་གནང། Windows 7 or Vista,Windows XP, Apple Machintosh, Linux
  • ༡༽ Internet Explorer

    ཀ༽ ཡིག་གཟུགས་ཀྱི་གནས་ཚད་བཟོ་ཐངས།

    1. Internet Explorer འགོ་བཙུགས་གནང་།
    2. Internet Explorer གི་དཀར་ཆག་ནང་གི་ View ►Encoding ནང་སོང་སྟེ་ "Unicode (UTF-8)" འདི་གདམ་ཁ་རྐྱབ༌དགོ།

    ཁ༽ ཡིག་གཟུགས་རིམ་སྒྲིག་འབད་ཐངས།

    1. གློག་རིག་དཀར་ཆག་ནང་ལས་ Tools ►Internet Options ►General ►Fonts ནང་གི་ཐོ་ཡིག་ནང་ལས་ "Tibetan" ཟེར་མི་འདི་གདམ་ཁ་རྐྱབ་དགོ།
    2. ད་ཁྱོད་ཀྱི་ཡི་གུ་གི་བརྡ་དོན་སྒྲོམ་འདི་འོག་ལུ་དཔེ་བཀོད་དེ་ཡོད་དོ་བཟུམ་སྦེ་འོང་དགོ།
    3. ཡོངས་འབྲེལ་འཆར་སྒོའི་ font གི་འོག་ལུ་ཡོད་པའི་ཐོ་ཡིག་གི་སྒྲོམ་ནང་ལས་ རྫོང་ཁའི་ཡི་གུ་ག་འབད་རུང་ སྔར་སྒྲིག་སྦེ་བཟོ་ནི་གི་དོན་ལུ་གདམ་ཁ་རྐྱབ་སྟེ་ "ok" ཨེབ་ནི་དང་ དེའི་ཤུལ་གྱི་སྒྲོམ་ Internet Option གི་བརྡ་དོན་སྒྲོམ་ནང་ལུ་ཡང་ "ok" ཨེབ་གནང་།

    ༢༽ Firefox

    ཀ༽ ཡིག་གཟུགས་ཀྱི་གནས་ཚད་བཟོ་ཐངས།

    1. Mozilla Firefox འགོ་བཙུགས་གནང་།
    2. Mozilla Firefox གི་དཀར་ཆག་ནང་གི་ View ► Character Encoding ནང་སོང་སྟེ་ "Unicode (UTF-8)" འདི་གདམ་ཁ་རྐྱབ༌དགོ།

    ཁ༽ ཡིག་གཟུགས་རིམ་སྒྲིག་འབད་ཐངས།

    1. གློག་རིག་དཀར་ཆག་ནང་གི་ Tools ► Options ནང་འགྱོ་དགོ།
    2. གདམ་ཁའི་བརྡ་དོན་སྒྲོམ་ནང་ལུ་ Content འདི་གདམ་ཁ་རྐྱབ་དགོ།
    3. Options Content ནང་གི་ Fonts and Colours ནང་ལུ་ "Advanced" ནང་ཨེབ་དགོ།
    4. ད་ཁྱོད་ཀྱི་ཡིག་གཟུགས་ཀྱི་བརྡ་དོན་སྒྲོམ་འདི་གོང་ལུ་དཔེ་བཀོད་དེ་ཡོད་དོ་བཟུམ་ཅིག་གསལ་བཏོན་འབད་འོང་།
    5. Fonts གི་མཐའ་མ་ཡོད་པའི་གོ་རིམ་གྱི་ཐོ་ཡིག་ནང་ལས་ Other Language གདམ་ཁ་རྐྱབ་དགོ།
    6. Proportional གི་མཐའ་མ་ཡོད་པའི་ཐོ་ཡིག་གི་སྒྲོམ་ནང་ལས་ Serif གདམ་ཁ་རྐྱབ་དགོ།
    7. ཡི་གུ་གི་གདམ་ཁ་ Serif, Sans Serif and Monospace གི་ནང་ལུ་འོས་ལྡན་གྱི་རྫོང་ཁའི་ཡི་གུ་ཅིག་གདམ་ཁ་རྐྱབ་དགོ།
    8. ཡིག་གཟུགས་གནས་ཚད་བཀོད་ནིའི་སྡེ་ཚན་ནང་ལས་ "Unicode (UTF-8") གདམ་ཁ་རྐྱབ་སྟེ་ "ok" ཨེབ་ནི་དང་ དེའི་ཤུལ་གྱི་སྒྲོམ་ Option Dialog Box ནང་ཡང་ ok ཨེབ་གནང་།

    ༣༽ Google Chrome

    1. Google Chrome འདི་འགོ་བཙུགས་དགོ།
    2. དེ་གི་མཇུག་ལུ་ཡོད་པའི་ show advanced setting ཟེར་མི་གུ་ཨེབ་དགོ།.
    3. Web content གི་འོག་ལུ་ཡོད་པའི་ Customize font ཟེར་མི་གུ་ཨེབ་དགོ།
    4. Sans-serif font ནང་ལུ་ DDC Uchen ཟེར་མི་ཡིག་གཟུགས་འདི་གདམ་ཁ་རྐྱབ་དགོ།

    འདྲན་གསོ། སྦོམ་དང་ཆུང་ཀུ་བཟོ་ནི་གི་མཐུན་རྐྱེན་ཚུ་ ལག་ལེན་འཐབ་གནང། སྦོམ་བཟོ་ནིའི་དོན་ལུ་ Ctrl ཨེབ་སྟེ་སྡོམ་རྟགས༼+༽ ལོག་ཅི་ར་ཨེབ་གནང། ཆུང་ཀུ་བཟོ་ནིའི་དོན་ལུ་ Ctrl ཨེབ་སྟེ་ཕབ་རྟགས༼-༽ ལོག་ཅི་ར་ཨེབ་གནང།