Windows XP གློག་རིག་རིམ་ལུགས་ནང་རྫོང་ཁ་བཙུགས་ནིའི་ལམ་སྟོན།

Windows XP གློག་རིག་རིམ་ལུགས་ནང་རྫོང་ཁ་བཙུགས་ནིའི་ལམ་སྟོན་བཅུད་བསྡུས།

Windows XP ནང་ རྫོང་ཁ་ཡུ་ནི་ཀོཊ་ལག་ལེན་ལེགས་ཤོམ་འཐབ་ཐབས་ལུ་ གཤམ་འཁོད་གནས་ཚད་འདི་ཚང་དགོཔ་ཨིན།

  • དང་པ་ར་ རྫོང་ཁ་ཡུ་ནི་ཀོཊ་གི་ཡིག་གཟུགས་ཅིག་ གློག་རིག་ནང་བཙུགས་དགོ།

  •  
  • གཉིས་པ་ལུ་ Windows ནང་ Complex Script ལུ་རྒྱབ་སྐྱོར་བྱིན་ཐབས་ཡོད་པའི་གནས་སྟངས་བཟོ་དགོ།
  •  
  • གསུམ་པ་ལུ་ Windows XP དང་གཅིག་ཁར་འོང་བའི་ Complex Script ལག་ལེན་ལུ་ཕན་པའི་ཐབས་འཕྲུལ་རིམ་ལུགས་ Uniscribe (usp10.dll) འདི་དུས་མཐུན་བཟོ་ཐོག་ རྫོང་ཁའི་ཡིག་གཟུགས་ལུ་རྒྱབ་སྐྱོར་ཡོདཔ་བཟོ་དགོ།  
  •  
  • བཞི་པ་ལུ་ རྫོང་ཁའི་ཡི་གུ་ མཛུབ་གནོན་དང་ཞུན་དག་འབད་ཐབས་ལུ་ རྫོང་ཁའི་ལྡེ་སྒྲོམ་བཙུགས་དགོ།
  • ལྔ་པ་ལུ་ རྫོང་ཁ་དང་ ཡིག་གཟུགས་གཞན་ལག་ལེན་འཐབ་དོན་ལུ་ ཁྱོད་རའི་གློག་རིག་ནང་ ལག་ལེན་རིམ་ལུགས་རེ་རེ་བཞིན་དུ་རིམ་སྒྲིག་འབད་དགོཔ་འོང་།

༡ རྫོང་ཁའི་ཡིག་གཟུགས་བཙུགས་ནི།

རིམ་པ་ ༡ པ།

གློག་རིག་བརྙན་ཐང་གཤམ་གྱི་གཡོན་ཁ་ཐུག་ལུ་ཡོད་པའི་ "Start" ནང་ཨེབ་པའི་ཤུལ་ལུ་ "Control Panel" ནང་ཨེབ་གནང་།

control panel

རིམ་པ་ ༢ པ།

"Control Panel" ནང་ན་ "Fonts" ཡིག་སྣོད་གུ་ཚར་གཉིས་ཨེབ།

fonts

རིམ་པ་ ༣ པ།

"File""Install New Font" ནང་ན་འཛུལ།

install fonts

རིམ་པ་ ༤ པ།

སྲབ་འཁོར་ནང་ན་ ཡིག་གཟུགས་བཙུགས་ཡོད་མི་ཡིག་སྣོད་ནང་འགྱོ་སྟེ་ "Select All" ཨེབ་པའི་ཤུལ་ལས་ "OK" གུ་ཨེབ་སྟེ་ ཡིག་གཟུགས་ཚུ་བཙུགས་དགོ།

add fonts

༢ Complex Script ལག་ལེན་རྒྱབ་སྐྱོར་ཡོདཔ་བཟོ་ནི།

རིམ་པ་ ༡ པ།

"Control Panel""Regional and Language Options" ནང་འཛུལ་ཏེ་ "Regional and Language Options" གུ་ཚར་གཉིས་ཨེབ་དགོ།

Start Control Panel

རིམ་པ་ ༢ པ།

"Regional and Language Options""Languages" ནང་འཛུལ་ཚརཝ་ད་ "Supplemental language support" ཟེར་མིའི་འོག་ལུ་ “Install files for complex script and right-to-left languages (including Thai)” ཟེར་མིའི་གདོང་ཁར་ཡོད་པའི་སྒྲོམ་ཆུང་ནང་བདེན་རྟགས་བཀལ་སྦེ "OK" ཨེབ་དགོ།


LanguageSetting

རིམ་པ་ ༣ པ།

"Install Supplemental Language Support" ཟེར་མིའི་བརྡ་དོན་སྒྲོམ་ཐོན་འོང་པ་ཅིན་ "OK" ཨེབ་པའི་ཤུལ་ལུ་Regional and Language Options སྒྲོམ་ནང་ "Apply" ཨེབ་དགོ།

screenshot

རིམ་པ་ ༤ པ།

དེའི་ཤུལ་ལུ་ Windows XP སྲབ་འཁོར་ནང་ན་བཙུགས་ཟེར་བའི་བཀོད་རྒྱ་འོང་མི་འདི་ཡང་ འབྲེལ་ཡོད་ཡིག་སྣོད་ཚུ་གློག་རིག་ནང་འདྲ་ཕབ་ནིའི་དོན་ལུ་ཨིན། ཁྱོད་ཀྱི་ Windows XP སྲབ་འཁོར་ནང་ན་བཙུགས་ཞིནམ་ལས་ "OK" ཨེབ་སྟེ་ཡིག་སྣོད་ཚུ་འདྲ་ཕབ་བཅུག་དགོ།

Insert disk

རིམ་པ་ ༥ པ།

ཡིག་སྣོད་ཚུ་འདྲ་ཕབ་ཚརཝ་ད་ ཁྱོད་ལུ་གློག་རིག་འདི་ ལོག་ཏེ་འགོ་བཙུགས་ཟེར་བའི་བཀོད་རྒྱ་འཐོན་འོང་།   Windows XP སྲབ་འཁོར་འདི་ཕྱི་ཁར་བཏོན་ཏེ་ གློག་རིག་ལོག་འགོ་བཙུགས་བཀོད་རྒྱ་ "Yes" གུ་ཨེབ་དགོ།

screenshot

དྲན་ཐོ: ཁྱོད་ལུ་ Windows XP སྲབ་འཁོར་མེད་པ་ཅིན་ ཁྱོད་ཀྱིས་བཀོད་རྒྱ་འདི་སྣང་མེད་སྦེ་བཞག་རུང་བཏུབ་ནི་ཨིན་རུང་ འདི་གིས་ རྫོང་ཁའི་ལག་ལེན་རིམ་ལུགས་ལ་ལུ་ཅིག་ནང་ རྫོང་ཁ་ལག་ལེན་འཐབ་ནི་ནང་རྒྱ་ཆུང་སུ་འགྱོ་འོང་།

༣ Uniscribe དུས་མཐུན་བཟོ་ནི།

ཁྱོད་རའི་གློག་རིག་ནང་ འོས་འབབ་ལྡན་པའི་ Uniscribe འདི་མ་ཐོབ་པར་བཙུགས་མ་ཚུགས་ནི་དང་ རིམ་སྒྲིག་ཡང་ལེགས་ཤོམ་སྦེ་འབད་མ་ཚུགས་པ་ཅིན་ རྫོང་ཁའི་ཡི་གུ་ཚུ་ གཤམ་འཁོད་ཡོད་པའི་དཔྱེ་དང་པ་བཟུམ་ ལེགས་ཤོམ་སྦེ་མེན་པར་སྦྱེལ་ཏེ་འཐོན་འོང་།  འོས་འབབ་ལྡན་པའི་ Uniscribe འདི་བཙུགས་ཚུགས་པ་ཅིན་ གཤམ་འཁོད་དཔྱེ་གཉིས་པ་བཟུམ་ ཡི་གུའི་སྒྲིག་བཀོད་ཚུ་ལེགས་ཤོམ་སྦེ་འཐོན་འོང་།

example1example2

རིམ་པ་ ༡ པ།

Windows XP  དང་གཅིག་ཁར་འོང་བའི་ Uniscribe (usp10.dll) རིམ་ལུགས་འདི་གིས་རྫོང་ཁ་ལུ་རྒྱབ་སྐྱོར་མེདཔ་ལས་ རྒྱབ་སྐྱོར་བྱིན་ཚུགས་པའི་རིམ་ལུགས་ཅིག་འཚོལ་ཏེ་བཙུགས་དགོ།

ཁྱོད་ཀྱི་གློག་རིག་ནང་ Office 2003 SP2 ཡང་ན་ Office 2007 བཙུགས་སྟེ་ཡོད་པ་ཅིན་ རིམ་པ་སོ་སོ་གུ་འགྱོ་རུང་བཏུབ།

དེ་མིན་ དུས་མཐུན་གྱི་ Uniscribe འཐོབ་ཐབས་ལུ་ གཤམ་ལུ་ཡོད་མི་ག་འབད་རུང་ཅིག་མཛད་གནང་དགོ།

  • ཡོངས་འབྲེལ་འཆར་སྒོ་ www.microsoft.com ནང་ལས་ Microsoft Word Viewer  རིན་མེད་སྦེ་ཐོབ་མི་འདི་ཕབ་སྟེ་བཙུགས་དགོ།
  • Office Microsoft 2003/XP འདི་ Microsoft Office Update ལས་ཐོབ་པའི་དེང་དུས་ཀྱི་ service pack གིས་སྦེ་དུས་མཐུན་བཟོ་དགོ།
  • ཡང་ན་ Microsoft Office 2007 བཙུགས་དགོ།

                  
Microsoft གི་ Windows Vista རིམ་ལུགས་ནང་ Uniscribe (usp10.dll) ཅིག་འོང་དོ་ཡོད་མི་འདི་གིས་ རྫོང་ཁ་ལག་ལེན་འཐབ་ནི་ལུ་རྒྱབ་སྐྱོར་ཡོདཔ་ཨིན།

དེ་འབདཝ་ད་ Microsoft གི་མི་གཞན་ལུ་ དུས་མཐུན་ཡོད་པའི་ usp10.dll འདྲ་འདི་ལོག་སྟེ་སྤོ་བཤུད་འབད་ནི་ནང་ གནང་བ་མི་བྱིན།

རིམ་པ་ ༢ པ།

སྲབ་འཁོར་ཁ་ཕྱེ་སྟེ་ "Dzongkha Unicode 2010""Dzongkha for Win XP""Uniscribe" ནང་འཛུལ་དགོ། དེ་ནང་ "Uniscribe" ཡིག་སྣོད་འདི་ཁ་ཕྱེ།

uniscribe

རིམ་པ་ ༣ པ།

"InstallUsp10Only.exe" ཟེར་མི་འདི་ཚར་གཉིས་ཨེབ་སྟེ་ དུས་མཐུན་བཟོ་མི་འདི་འགོ་བཙུགས།

install uniscribe

རིམ་པ་ ༤ པ།

དུས་མཐུན་བཟོ་མི་གིས་ Office 2003 དང་ Word Viewer ནང་ཚུད་ཡོད་མི་ དེང་སང་གི་ Uniscribe (usp10.dll) འདི་ག་ཏེ་ཧོངས་ལས་འཐོབ་ཚུགས་ག་སླབ་ཚུགསཔ་ཨིན།  མང་ཤོས་ནང་ར་ གོང་འཁོད་ཡིག་སྣོད་འདི་ དུས་མཐུན་བཟོ་མི་གིས་སྟོན་པའི་ default ས་ཁོངས་ནང་འོངམ་ཨིནམ་ལས་ Update གུ་ཨེབ་གནང། ག་དེམ་ཅིག་སྦེ་ ཁྱོད་ར་གིས་ ཡིག་སྣོད་གཞན་ཅིག་ནང་སྟོན་ནི་བློ་འདོད་ཡོད་ན་ Browse གུ་ཨེབ་སྟེ་ "usp10.dll" ཡོད་པའི་ཡིག་སྣོད་འདི་གདམ་འཐུ་འབད་དེ་ "Open" གུ་ཨེབ།

browse uniscribe

རིམ་པ་ ༥ པ།

"Update" གུ་ཨེབ་ད་ "usp10.dll" ཡིག་སྣོད་འདི་དུས་མཐུན་བཟོ་ད་ཡི་ཟེར་བའི་བརྡ་སྟོན་ཐོན་པ་ཅིན་ "OK" གུ་ཨེབ།

uniscribe updated

རིམ་པ་ ༦ པ།

གློག་རིག་གི་ ལམ་ལུགས་ཡིག་སྣོད་ཅིག་བཏོན་ཏེ་ ཚབ་མ་གཞན་ ངོས་འཛིན་མ་འབད་མི་ཅིག་བཙུགས་ནུག་ཟེར་བའི་ཉེན་བརྡ་ཐོན་ཏེ་ original Windows Installation CD སྲབ་འཁོར་བཙུགས་པ་ཅིན་ ཧེ་མ་ལས་ཡོད་པའི་རིམ་ལུགས་འདི་ལོག་བཙུགས་བྱིན་འོང་ཟེར་འཐོན་འོང་།

uniscribe1

ཧེ་མ་ལས་ཡོད་པའི་ Uniscribe གུ་འགྱོ་ནིའི་དོན་ལུ་ ད་ལྟོའི་གདམ་ཁ་ཆ་མེད་གཏང་ནི།

འདི་འཐོན་དགོ་མི་འདི་ གློག་རིག་གིས་འབད་བ་ཅིན་ ལམ་ལུགས་ཡིག་སྣོད་འདི་ ཁྱོད་ཀྱིས་མ་ཤེསཔ་སྦེ་སོར་ད་ཡི་ཟེར་བའི་ཉེན་བརྡ་བྱིནམ་ཨིན་མས། དེ་འབདཝ་ད་ཁྱོད་ཀྱིས་ཤེས་བཞིན་ དུས་མཐུན་ usp10.dll བཙུགས་མི་འདི་ ཁྱོད་ར་གིས་བཙུགས་བཙུགསཔ་ཨིནམ་ལས་ Windows CD འདི་མ་བཙུགས་པར་ "Cancel" གུ་ཨེབ་དགོ། (ག་དེམ་ཅིག་སྦེ་ Windows CD འདི་བཙུགས་པ་ཅིན་ དུས་མཐུན་མེན་པའི་ཧེ་མ་གི་འདི་འདྲ་བཤུས་རྐྱབ་སྦེ་ འཛུལ་འགྱོ་ནི་ཨིནམ་ལས་ ཡུ་ནི་ཀོཊ་རྫོང་ཁ་ལེགས་ཤོམ་སྦེ་བཏོན་མི་ཚུགས།)

དེ་སྐབས་ Windows ལམ་ལུགས་ཀྱིས་ཡང་ ཉེན་བརྡ་བྱིན་ནི་ཨིནམ་དང་ ཉེན་བརྡ་འདི་ནང་ གློག་རིག་ལམ་ལུགས་ཡིག་སྣོད་ འདི་སོར་བཏང་མ་ལས་བརྟེན་ལམ་ལུགས་ཚུ་ ཏན་ཏན་མེདཔ་འགྱོ་འོང་ཟེར་ཐོནམ་ཨིན།

uniscribe2

Windows ལུ་ "usp10.dll" གསརཔ་འདི་བཞག་དགོཔ་སྦེ་སླབ་དགོ་པའི་བཀོད་རྒྱ།

ཉེན་བརྡ་འདི་ སྣང་མེད་སྦེ་བཞག་རུང་བཏུབཔ་ལས་ "Yes" གུ་ཨེབ་ཏེ་ དུས་མཐུན་ཡོད་པའི་ "usp10.dll" འདི་ར་བཞག་དགོ།


རིམ་པ་ ༧ པ།

གློག་རིག་འདི་ ལོག་སྟེ་འགོ་བཙུགས་(Restart)དགོ།.

༤ རྫོང་ཁའི་ལྡེ་སྒྲོམ་བཙུག་ནི་དང་ རིམ་སྒྲིག

རིམ་པ་ ༡ པ།

སྲབ་འཁོར་ཁ་ཕྱེ་སྟེ་ "Dzongkha Unicode 2010""Dzongkha Win XP""Keyboard" འདི་ནང་འགྱོ་དགོ། ལྡེ་སྒྲོམ་གྱི་ཡིག་སྣོད་འདི་ཁ་ཕྱེ་དགོ།

keyboard

རིམ་པ་ ༢ པ།

"setup.exe" ཡིག་སྣོད་འདི་ལག་ལེན་འཐབ་དོན་ལུ་ ཚར་གཉིས་ཨེབ་དགོ། དེ་གིས་ རྫོང་ཁའི་ལྡེ་སྒྲོམ་ཡིག་ཆ་ཚུ་ རང་བཞིན་གྱིས་ གློག་རིག་ནང་བཙུགས་འོང་།

keyboard Setup

བཙུགས་ཚར་བའི་ཤུལ་ལུ་ "Close" གུ་ཨེབ་དགོ།

དྲན་ཐོ: Windows XP སྲབ་འཁོར་འདི་བཙུགས་དགོཔ་སྦེ་སླབ་པ་ཅིན་ བཙུགས་ནི་མི་འོང་།

keyboard1

རིམ་པ་ ༣ པ།

"Control Panel""Regional and Language Options" ནང་འཛུལ་དགོ། "Regional and Language Options" བརྡ་རྟགས་གུ་ ཚར་གཉིས་ཨེབ་དགོ།

Langauge Settings

རིམ་པ་ ༤ པ།

"Languages" ཟེར་མི་འདི་གདམ་འཐུ་འབད་དེ་ "Text services and input languages" འོག་ལུ་ཡོད་པའི་ "Details" འདི་གུ་ཨེབ་དགོ།

LanguageSettings

རིམ་པ་ ༥ པ།

དེ་གི་ཤུལ་ལས་ "Installed Services" གི་འོག་ལུ་རྩ་བ་ཡོད་པའི་ "Add…" གུ་ཨེབ་དགོ།  དེ་ཡང་ལྡེ་སྒྲོམ་གསརཔ་བཙུགས་དོན་ལུ་ཨིན།

Add Language

རིམ་པ་ ༦ པ།    

"Input Language" འོག་ལུ་ "Icelandic" འདི་གདམ་འཐུ་འབད་དེ་ "KeyboardIME" རྩ་བར་ཡོད་པའི་སྒྲོམ་ནང་ བདེན་རྟགས་བཀོད་དེ་ "Dzongkha keyboard" འདི་ལྡེ་སྒྲོམ་སྦེ་གདམ་འཐུ་འབད་དགོ།

Input Language

Add keyboard

རིམ་པ་ ༧ པ།

དེ་ལས་ "Text Services and Input Languages" བརྡ་དོན་སྒྲོམ་ནང་ "Apply" གུ་ཨེབ་དགོ།

language added

རིམ་པ་ ༨ པ།

བརྡ་དོན་སྒྲོམ་འདི་ནང་ར་ "Preferences" འོག་ལུ་ "Language Bar…" གུ་ཨེབ་དགོ།

Language Bar

རིམ་པ་ ༩ པ།

"Language Bar Settings" གི་བརྡ་དོན་སྒྲོམ་ནང་ "Show Language Bar on the desktop" དང་ "Show additional Language bar icons on the taskbar" གཉིས་ཆ་ར་གི་གདོང་ཁའི་སྒྲོམ་ནང་བདེན་རྟགས་བཀོད་དགོ། དེ་ལས་ "OK" ཨེབ་སྟེ་ "Language Bar Settings" བརྡ་དོན་སྒྲོམ་འདི་ཁ་བསྡམ་དགོ།

Language Bar1

རིམ་པ་ ༡༠ པ།    

དེ་ལས་ "OK" ཨེབ་སྟེ་ "Text Services and Input Languages" བརྡ་དོན་སྒྲོམ་ཁ་བསྡམས་ཏེ་ དེ་གི་ཤུལ་ལས་ "OK" ཨེབ་སྟེ་ "Regional and Languages Options" བརྡ་དོན་སྒྲོམ་ཡང་ཁ་བསྡམ་དགོ།

གློག་རིག་བརྙན་ཐང་གི་གཡས་ཁ་ཐུག་གི་གཤམ་མཚམས་ལུ་ཡོད་པའི་ལས་དོན་བརྡ་རྟགས་ནང་  རྫོང་ཁའི་ལྡེ་སྒྲོམ་འདི་ "Icelandic" ཟེར་མཐོང་ཚུགས།

Icelandic

ཨིང་ལིཤ་དང་ རྫོང་ཁའི་ལྡེ་སྒྲོམ་གཉིས་འདི་ ག་དགོཔ་བརྡ་རྟགས་གུ་ཨེབ་སྟེ་ གདམ་འཐུ་འབད་བཏུབ།