Windows 7  ཡང་ན་ Windows Vista གློག་རིག་རིམ་ལུགས་ནང་རྫོང་ཁ་བཙུགས་ནིའི་ལམ་སྟོན།

Windows 7  དང་ Windows Vista གློག་རིག་རིམ་ལུགས་ནང་རྫོང་ཁ་ལག་ལེན་འཐབ་ནི་ལུ་རྒྱབ་སྐྱོར་ཡོདཔ་ཨིན་རུང་ ལེགས་ཤོམ་སྦེ་ལག་ལེན་འཐབ་དོན་ལུ་ རྫོང་ཁའི་ Locale (གནས་སྡུད་), keyboard (ལྡེ་སྒྲོམ་) or fonts (ཡིག་གཟུགས་) ཚུ་ཚུད་དེ་མེདཔ་ལས་ བཙུགས་དགོཔ་ཡོད།

༡ རྫོང་ཁའི་ཡིག་གཟུགས་བཙུགས་ནི།

ད་ལྟོ་ ཡུ་ནི་ཀོཊ་ལམ་ལུགས་དང་བསྟུན་པའི་ ཡིག་གཟུགས་གསུམ་ཡོད། དེ་ཚུ་ཡུ་ནི་ཀོཊ་ལམ་ལུགས་དང་ལྡན་པའི་རིམ་ལུགས་ཚུ་ནང་ལག་ལེན་འཐབ་བཏུབ་ཨིན། ཡིག་གཟུགས་གསུམ་འདི་ཡང་:

  • DDC Uchen  རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་བཟོ་ཡོད་པའི་ཚུགས་ཡིག
  • DDC Wangdi  རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་བཟོ་ཡོད་པའི་མགྱོགས་ཡིག
  • Jomolhari  གྲོས་བསྟུན་པ་ཀི་རིསི་ཕེན་གྱིས་བཟོ་ཡོད་པའི་ཚུགས་ཡིག

ཡིག་གཟུགས་བཙུགས་ནི་གི་དོན་ལུ་ གཤམ་འཁོད་ལམ་སྟོན་དང་འཁྲིལ་མཛད་གནང་།

རིམ་པ་ ༡ པ།

དཔེ་དེབ་འདི་དང་སྦྲགས་ཏེ་ཐོབ་མིའི་སྲབ་འཁོར་(CD) འདི་གློག་རིག་ནང་ན་བཙུགས་ཏེ་ཁ་ཕྱེ།

Open

རིམ་པ་ ༢ པ།

"Dzongkha Unicode 2010" ཟེར་མིའི་ཡིག་སྣོད་འདི་ཁ་ཕྱེ།

Unicode

རིམ་པ་ ༣ པ།

"Dzongkha for Win Vista & 7" ཟེར་མིའི་ཡིག་སྣོད་འདི་ཁ་ཕྱེ།

vista

རིམ་པ་ ༤ པ།

"Dzongkha Fonts" ཟེར་མིའི་ཡིག་སྣོད་འདི་ཁ་ཕྱེ།

fonts

རིམ་པ་ ༥ པ།

ཡིག་གཟུགས་ག་ར་གདམ་འཐུ་འབད་དེ་ "Install" ཟེར་མི་གུ་ཨེབ་དགོ། འདི་གིས་ཡིག་གཟུགས་ག་ར་ ཁྱོད་ཀྱི་གློག་རིག་ནང་བཙུགས་འོང་།

copy fonts

དྲན་ཐོ: ཧེ་མ་ལས་བཙུགས་ཡོད་པའི་ ཡིག་གཟུགས་རྙིངམ་རེ་ཡོད་པ་ཅིན་ ད་ལྟོའི་དུས་མཐུན་ཡིག་གཟུགས་ཚུ་མ་བཙུགས་པའི་སྔ་གོང་ལས་བཏོན་གཏང་དགོ།

༢ རྫོང་ཁའི་གནས་སྡུད་བཙུགས་ནི།

རིམ་པ་ ༡ པ།

སྲབ་འཁོར་ནང་ན་ཡིག་སྣོད་ཁ་ཕྱེ་དགོཔ་འདི་ "Dzongkha Unicode 2010""Dzongkha for Win Vista & 7""Locale" ཨིན། གནས་སྡུད་ "Locale" ཡིག་སྣོད་འདི་ཁ་ཕྱེ།

locale

རིམ་པ་ ༢ པ།

"DZ-BT-Locale" གུ་ཚར་གཉིས་ཨེབ། འདི་གིས་རྫོང་ཁའི་གནས་སྡུད་འདི་རང་བཞིན་ཐོག་ལས་གློག་རིག་ནང་བཙུགས་བྱིན་འོང་།

locale setup

༣ རྫོང་ཁའི་ལྡེ་སྒྲོམ་བཙུགས་ནི།

རིམ་པ་ ༡ པ།

སྲབ་འཁོར་ནང་ན་ཡིག་སྣོད་ཁ་ཕྱེ་དགོཔ་འདི་  "Dzongkha Unicode 2010""Dzongkha for Win Vista & 7""Keyboard" ཨིན། ལྡེ་སྒྲོམ་ "Keyboard" ཡིག་སྣོད་འདི་ཁ་ཕྱེ།

keyboard

རིམ་པ་ ༢ པ།

"setup.exe"  ཡིག་སྣོད་གུ་ཚར་གཉིས་ཨེབ། འདི་གིས་རྫོང་ཁའི་ལྡེ་སྒྲོམ་འདི་ རང་བཞིན་ཐོག་ལས་གློག་རིག་ནང་བཙུགས་བྱིན་ནི་དང་ སྐད་ཡིག་བརྡ་རྟགས་(language bar)འདི་ གློག་རིག་གི་བརྙན་ཐང་(screen)གཤམ་ཁ་ཐུག་ལུ་ཡོད་པའི་ ལས་དོན་བརྡ་རྟགས་(task bar)ནང་ "OL" ཟེར་འཐོན་འོང་།

keyboard setup