Apple Macintosh ནང་རྫོང་ཁ་ལག་ལེན་འཐབ་ཐངས།

བཀོད་རྒྱ་འདི་གིས་ རྫོང་ཁ་ཡུ་ནི་ཀོཌ་གི་ཡིག་གཟུགས་དང་ལྡེ་སྒྲོམ་ཚུ་ Mac གློག་རིག་རིམ་ལུགས་ཀྱི་འཐོན་རིམ་དང་ དེའི་ཤུལ་ལུ་འཐོན་མི་ཚུ་ནང་ OSX 10.4 བཙུགས་ནིའི་ལམ་སྟོན་བྱོན་འོང་།

༡ རྫོང་ཁའི་ཡིག་གཟུགས་བཙུགས་ཐངས།

དང་པ་རང་ཁྱོད་ཀྱི་ Mac ནང་ལུ་ རྫོང་ཁ་ཡུ་ནི་ཀོཌ་ གི་ཡིག་གཟུགས་འདི་བཙུགས་དགོ། ད་ལྟོ་ Mac གློག་རིག་ནང་ལུ་ རིན་མེད་སྟོང་པའི་ཐོག་ལས་ ལཱ་འབད་བཏུབ་པའི་ ཡུ་ནི་ཀོཌ་གི་ཡིག་གཟུགས་འདི་ DDC Uchen དང་ Jomolhari གཉིས་ཨིན།

སེམས་ཁར་ངེས་དགོཔ་འདི་ རྫོང་ཁའི་ཡིག་གཟུགས་ཀྱིས་ Mac གི་ Openoffice མ་གཏོགས་གཞན་ Microsoft Office དང་ Microsoft Word གི་འཐོན་རིམ་ནང་ལཱ་འབད་མི་བཏུབ།

རྫོང་ཁའི་ཡིག་གཟུགས་ བཙུགས་ཐངས།

  • དང་པ་རང་ DzongkhaFonts.zip གི་ཡིག་སྣོད་འདི་ཕབ་ལེན་འབད་དགོ།ཧ
  • དེ་ལས་ ཕབ་ལེན་འབད་མིའི་ཡིག་སྣོད་ནང་སོང་སྟེ་ རྫོང་ཁའི་ཡིག་གཟུགས་ཀྱི་ཡིག་སྣོད་བཏོན་ནི་དོན་ལུ་ DzongkhaFonts.zip ཡིག་སྣོད་ནང་ཨེབ་དགོ།
  • དེ་ལས་ ཁྱོད་རའི་ application ཡིག་སྣོད་ནང་སོང་ཞིནམ་ལས་ Font Book: འདི་ཁ་ཕྱེ་དགོ།
  • གློག་རིག་གི་གཡོན་ཁ་ཐུག་ལུ་ཡོད་པའི་ pane གུ་འགུལ་ཤད་བཀལ་བཞག་བཞིནམ་ལས་ right click ཨེབ་སྟེ་ Add Fonts གདམ་ཁ་རྐྱབ་དགོ།
  • ཡིག་གཟུགས་ཀྱི་ཡིག་སྣོད་ནང་སོང་སྟེ་ DDC_UChen.ttf འདི་གདམ་ཁ་རྐྱབ་སྟེ་ སྒོ་ཕྱེ་དགོ


༢ རྫོང་ཁའི་ལྡེ་སྒྲོམ་བཙུགས་ཐངས།

  • དང་པ་རང་ DzongkhaKeyboard-OSX.zip གི་ཡིག་སྣོད་འདི་ཕབ་ལེན་འབད་དེ་ གསོག་འཇོག་འབད་དགོ།
  • འདི་ཕབ་ལེན་འབད་ཚར་ཞིནམ་ལས་ Download ཡིག་སྣོད འཛུལ་བཞིནམ་ལས་ DzongkhaKeyboard-OSX.zip འདི་ཕྱིར་བཏོན་འབད་ནིའི་དོན་ལུ་ འདི་གུ་ཨེབ་གནང་།
  • ད་ Finder འདི་ལག་ལེན་འཐབ་སྟེ་ ཡིག་སྣོད་ dzongkha.icns དང་ dzongkha.keylayout འདི་ Hard Drive ► Library ► Keyboard Layouts folder ནང་ལུ་འདྲ་བཤུས་རྐྱབ་དགོ། འདི་ནང་ལུ་ ཡིག་སྣོད་གཞན་ཚུ་འདྲ་བཤུས་རྐྱབ་ནི་མི་འོང་། Tདྲན་ཐོ༔ རྫོང་ཁའི་ཐོན་རིམ་གསརཔ་དུས་མཐུན་བཟོ་ནི་ཨིན་པ་ཅིན་ ཧེ་མ་ལས་ཡོད་པའི་རྫོང་ཁའི་ལྡེ་སྒྲོམ་དང་ དེའི་པར་རྟགས་རྙིངམ་ཚུ་བཏོན་བཀོ་དགོ།

  • ཁྱོད་ཀྱི་གློག་རིག་འདི་ཚར་གཅིག་ སྒོ་བསྡམ་ཏེ་ ལོག་སྒོ་ཕྱེ་དགོ།
  • དེ་གི་ཤུལ་ལས་ "International" ཟེར་མི་ནང་འགྱོ་དགོ།
  • ད༌ཁྱོད༌ཀྱིས༌ རྫོང༌ཁའི༌ལྡེ༌སྒྲོམ༌འདི༌ གློག༌རིག༌གདོང༌གི༌གཤམ༌ལུ༌ཡོད༌པའི༌ དཀར༌ཆག༌ནང༌འཐོན༌འོང༌།
  • རྫོང་ཁའི་ལྡེ་སྒྲོམ་འདི་ལག་ལེན་འཐབ་ནི་གི་དོན་ལུ་ གདམ་ཁ་རྐྱབ་ནི་དང་ དཀར་ཆག་ནང་ལུ་ "Show input in menu bar" ཟེར་མི་འདི་གུ་ཨིན་རྟགས་བཀལ་ཏེ་ exit གུ་ཨེབ་དགོ།

༣. རྫོང་ཁ་ཞུན་དག་གི་དོན་ལུ་ Openoffice ལག་ལེན་འཐབ་ཐངས།

ཀ. OpenOffice འདི་ཕབ་ལེན་འབད་དགོ།

Mac OS གི་དོན་ལུ་ Openoffice གི་མཉེན་ཆས་གསརཔ་ཕབ་ལེན་འབད་དེ་ གློག་རིག་གཙོག་མཛོད་ནང་ལུ་གསོག་འཇོག་འབད་དགོ།

ལས་རིམ་འདི་ རྒྱ་ཆེ་ནི་འདི་གིས་ ཕབ་ལེན་འབད་ནི་ལུ་དུས་ཡུན་དག་པ་ཅིག་འགོར་འོང་།

ཕབ་ལེན་འབད་ཚར་ཞིནམ་ལས་ OpenOffice བཙུགས་ནི་གི་དོན་ལུ་ .dmg ཡིག་སྣོད་འདི་འགོ་བཙུགས་དགོ།

ཁ. Complex Text དང་རྫོང་ཁ་ལག་ལེན་འཐབ་བཏུབ་བཟོ་ཐངས།

OpenOffice Writer འགོ་བཙུགས་དགོ།

དཀར་ཆག་ནང་ལས OpenOffice.orgPreferencesOptionsLanguage SettingsLanguages གདམ་ཁ་རྐྱབ་དགོ།

ཁ་སྐད་བཟོ་ནིའི་ བརྡ་དོན་སྒྲོམ་ནང་ལུ་ "Enhanced Language Support" འོག་ལུ་ "Enabled complex text layout (CTL)" གི་མཐའ་མ་ཡོད་པའི་སྒྲོམ་འདི་ནང་ བདེན་རྟགས་བཀོད་དགོ། Openoffice ནང་ལུ་རྫོང་ཁའི་ཐོག་ལཱ་འབད་ནི་ཨིན་པ་ཅིན་ complex text layout (CTL) འདི་ལག་ལེན་འཐབ་བཏུབ་སྦེ་བཟོ་ནི་འདི་ཁག་ཆེ།

 

CTL གི་དོན་ལུ་ "Default languages for documents ཟེར་མི་བརྡ་དོན་གྱི་སྒྲོམ་ནང་ "Dzongkha" འདི་གདམ་ཁ་རྐྱབ་སྟེ་ "ok" ཨེབ་གནང་།

ག. རྫོང་ཁའི་ཡིག་གཟུགས་སྔར་སྒྲིག་འབད་ཐངས།

ད་ནཱ་ལས་མར་ ཡི་གཟུགས་གདམ་ཁ་རྐྱབ་དགོ་ས་ལུ་ "Western" text (ཨིང་སྐད་ཡིག་གཟུགས།) དང་ complex text, "CTL" (རྫོང་ཁའི་ཡིག་གཟུགས།) གི་དོན་ལུ་ཡི་གཟུགས་གཉིས་རེ་གདམ་ཁ་རྐྱབ་དགོཔ་སྦེ་འཐོན་འོང་།

རྫོང་ཁའི་ཡིག་གཟུགས་སྔར་སྒྲིག་འབད་ཐངས།

  • རྫོང་ཁའི་ཡིག་གཟུགས་སྔར་སྒྲིག་འབད་ནི་གི་དོན་ལུ་ OpenOffice.orgPreferencesOptionsOpenOffice.org WriterBasic Fonts (CTL) གདམ་ཁ་རྐྱབ་གནང་།
  • གཞི་རྟེན་གྱི་ཡིག་གཟུགས་ (CTL) ཀྱི་བརྡ་དོན་ནང་ལས་ "DDC Uchen" འདི་གདམ་ཁ་སྤྱིར་བཏང་གི་དོན་ལུ་ CTL་ཡིག་གཟུགས་སྔར་སྒྲིག་འབད་གདམ་ཁ་རྐྱབ་དགོ། ༼རྫོང་ཁའི་ཡིག་གཟུགས་འདི་མེད་པ་ཅིན་ ནཱ་ལས་ཕབ་ལེན་འབད་ཚུགས།
     
  • དེ་ལས་ "ok" གུ་ཨེབ་གནང་།
     
  • ད་ ཁྱོད་ཀྱི་ OpenOffice ནང་ལུ་གློག་རིག་ལྡེ་སྒྲོམ་གུ་ལས་རྫོང་ཁ་དང་ཨིང་ལིཤ་གི་ཡི་གུ་སོར་ཏེ་ རྫོང་ཁ་དང་ཨིང་ལིཤ་གི་ཡི་གུ་མཛུབ་གནོན་རྐྱབ་ཚུགས། ལྡེ་སྒྲོམ་ཐོག་ལས་ཡི་གཟུགས་འདི་སོར་ཚུགས།