འདྲི་བའི་དྲི་ལན།

ཡོངས་འབྲེལ་འཆར་སྒོའི་ནང་རྫོང་ཁའི་ཡིག་གཟུགས་ག་དེ་སྦེ་ལག་ལེན་འཐབ་ནི་ཨིན་ན།

དཀའ་ངལ་དང་བཏབ་མ་བདེཝ་འདི་ཚུ་ CSS3 @font-face rule ལག་ལེན་འཐབ་ཐོག་ལས་གསལ་ཚུགས། ཡོངས་འབྲེལ་གྱི་ཡིག་གཟུགས་ལག་ལེན་འཐབ་མི་འདི་གིས་ རྫོང་ཁའི་ཡིག་གཟུགས་བཙུགས་བཙུགསཔ་མེད་པའི་ གློག་རིག་དང་ བརྒྱུད་འཕྲིན་ཚུ་ནང་ རྫོང་ཁའི་ཡིག་གུ་བལྟ་བཏུབ་པའི་ ཡོངས་འབྲེལ་འཆར་སྒོ་ཚུ་བཟོ་ཚུགསཔ་ཨིན། ཁ་གསལ་གི་དོན་ལུ་ནཱ་ལུ་ཨེབ་གནང།

ད་ལྡོ་ ཡོངས་འབྲེལ་ནང་ལག་ལེན་འཐབ་བཏུབ་པའི་ རྫོང་ཁའི་ཡིག་གཟུགས་ ༼DDC_Uchen༽ དང ༼Dzongkha Calligraphic༽ གཉིས་ཡོད་མི་འདི་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ཡོངས་འབྲེལ་འཆར་སྒོ་ལས་ཕབ་ལེན་འབད་དེ་ ལག་ལེན་འཐབ་བཏུབ། ཡིག་གཟུགས་ཕབ་ལེན་འབད་ནིའི་དོན་ལུ་ནཱ་ལུ་ཨེབ་གནང། ༼DDC_Uchen༽ འདི་ཡོངས་འབྲེལ་ནང་ལག་ལེན་འཐབ་ནིའི་དོན་ལུ་ བཟོ་བཟོཝ་མེནམ་ལས་ འདི་ག་དེམ་ཅིག་འབད་ ༼Dzongkha Calligraphic༽ ཡིག་གཟུགས་འདི་ལག་ལེན་འཐབ་ད་ བཏབ་མ་བདེཝ་ཡོད་པ་ཅིན་ ལག་ལེན་འཐབ་གནང།

རྫོང་ཁའི་ཝཌ་པེརེས་ཀྱི་ཡོངས་འབྲེལ་འཆར་སྒོའི་དོན་ལུ་འབད་བ་ཅིན་འོག་གི་འབྲེལ་མཐུད་ཀྱིས་ཕན་ཐོགས་འོང། ནཱ་ལུ་ཨེབ་གནང།

ངེ་གི་གློག་རིག་ཚད་འཛིན་ནང་ རྫོང་ཁའི་ཡིག་གཟུགས་ཚུ་ སྒྲོམ་ཅུ་ ཡང་ན་ དྲི་རྟགས་སྦེ་ག་ཅི་འབད་འཐོནམ་ཨིན་ན?

རྒྱུ་རྐྱེན།

སྒྲོམ་ཅུ་ ཡང་ན་དྲི་རྟགས་འདི་ སྔ་སྒྲིག་glyph ནང་ལུ་ ཡིག་གཟུགས་ནང་གི་ཡི་གུ་མ་ཚང་མ་ལས་བརྟེན་འཐོནམ་ཨིན།

དཀའ་ངལ་འཐོན་དགོ་མི་འདི་ཡང་ ཀ༽ གློག་རིག་རིམ་ལུགས་ནང་ རྫོང་ཁ་ཡུ་ནི་ཀོཌ་གི་ཡིག་གཟུགས་ ལེགས་ཤོམ་སྦེ་མ་བཙུགསཔ་ལས་བརྟེན། ཁ༽ ལག་ལེན་པ་གིས་ རྫོང་ཁའི་ཡི་གུ་ཚུ་ རྫོང་ཁའི་ཡིག་གཟུགས་ མེད་མི་ཨིང་སྐད་ཡིག་གཟུགས་ལུ་སྒྲིག་བཀོད་འབདཝ་ལས་བརྟེན། ག༽ ལག་ལེན་པ་གིས་ རྫོང་ཁ་ཡུ་ནི་ཀོཌ་ གསལ་སྟོན་འབད་བའི་སྐབས་ལུ་ རྫོང་ཁའི་ཡིག་འབྲུ་ ཚད་ལྡན་མིན་པ་དང་ རྙིངམ་ཚུ་ལག་ལེན་འཐབཔ་ལས་བརྟེན།

སེལ་ཐབས།

  1. རྫོང་ཁ་ཡུ་ནི་ཀོཌ་གི་ཡིག་གཟུགས་ཕབ་ལེན་འབད་བཞིནམ་ལས་ གློག་རིག་རིམ་ལུགས་ནང་བཙུགས་དགོ།
  2. ཁྱོད་རའི་ཡིག་གུ་ཚུ་ རྫོང་ཁ་ཡུ་ནི་ཀོཌ་གི་ཡིག་གཟུགས་ནང་ སྒྲིག་བཀོད་འབད་དགོ། (འདི་ཡང་ DDC Uchen, DDC Wangdi, or Jomolhari).OpenOffice Writer ལག་ལེན་འཐབ་འདྲཝ་ཅིག་འབད་བ་ཅིན་ རྫོང་ཁའི་ཡིག་གཟུགས་ཚུ་ CLT text སྔ་སྒྲིག་ཡིག་གཟུགས་ཚུ་ལུ་ རིམ་སྒྲིག་འབད་དགོཔ་ཨིན།. Microsoft Office Word ལག་ལེན་འཐབ་འདྲཝ་ཅིག་འབད་བ་ཅིན་ རྫོང་ཁའི་དོན་ལུ་དམིགས་བསལ་གི་ styles གསར་བཟོ་འབད་བཞིནམ་ལས་ Word 2003 དང་ Word 2007 གི་དོན་ལུ་འགྲེལ་བཤད་རྐྱབ་ཡོད་པའི་ ལམ་སྟོན་དང་འཁྲིལ་ཏེ་ སྒྲིག་བཀོད་འབད་དགོ།
  3. ནམ་རང་འབད་རུང་ ཡུ་ནི་ཀོཌ་ཡི་གུའི་དོན་ལུ་ རྫོང་ཁའི་ཡིག་འབྲུ་རྙིངམ་ཚུ་ལག་ལེན་འཐབ་ནི་མི་འོང་། སྔོན་མའའི་ 8-bit སྦེ་མི་ རྫོང་ཁའི་ཡིག་གཟུགས་རྙིངམ་ དཔེར་ན་ DR Kunzang, Gelong Rinchen, ཡང་ན་ Dzongkha Calligraphic ཚུ་ནང་ རྫོང་ཁ་ཡུ་ནི་ཀོཌ་འདི་ ལག་ལེན་འཐབ་མི་བཏུབ། རྫོང་ཁའི་ཡིག་གཟུགས་ ཚད་ལྡན་མིན་པ་དང་ རྙིངམ་ཚུ་གིས་ རྫོང་ཁའི་ glyphs ཚུ་ Latin text གི་དོན་ལུ་ གསོག་འཇོག་སྦེ་ཡོད་པའི་ ཡིག་གཟུགས་གསང་རྟགས་ཚུ་ནང་བཙུགསཔ་ལས་བརྟེན་ ཡུ་ནི་ཀོཊ་རྫོང་ཁ་འདི་གསལསྟོན་འབད་མི་བཏུབ་ཨིན། ཡུ་ནི་ཀོཌ་དང་མཐུན་པའི་ཡིག་གཟུགས་ཚུ་ནང་ ཚད་ལྡན་གྱི་ཡིག་གཟུགས་གསང་རྟགས་ལག་ལེན་འཐབ་དོ་ཡོདཔ་ལས་ རྫོང་ཁའི་ཡིག་གཟུགས་ལུ་ཡང་ དམིགས་བསལ་དུ་ གསང་རྟགས་སོ་སོ་ལག་ལེན་འཐབ་ཡོདཔ་མ་ཚད་ འདི་བལྟ་ནིའི་ཐིག་ཁྲམ་ཡང་ཡོདཔ་ཨིན། ཐིག་ཁྲམ་འདི་གཙོ་བོ་ར་ ཡི་གུ་གསལ་སྟོན་ ལམ་ལུགས་ཀྱི་ལག་ལེན་འཐབ་ཐོག་ལས་བརྩེགས་འདོགས་ཀྱི་ཡི་གུ་ཚུ་ཚུལ་མཐུནམ་སྦེ་སྟོནམ་ཨིན

ངེའི་གློག་རིག་ནང་ རྫོང་ཁའི་ཡིག་གུ་ཚུ་གཉིས་ལྡབ་དང་ ལེགས་ཤོམ་སྦེ་མ་མཐུན་མི་འདི་ག་ཅི་སྦེ་ཨིན་ན?

example1example2

རྫོང་ཁའི་ཡི་གུ་ཚུ་ གོང་གི་དཔེ་དང་པ་་བཟུམ་སྦེ་འཐོན་པ་ཅིན་ ཁྱོད་ཀྱི་ རིམ་ལུགས་ནང་ Complex Text Layout for OpenType fonts ལམ་ལུགས་འདི་ཡིག་འབྲུ་ཚུ་ ལག་ལེན་མ་འཐབ་ལས་བརྟེན་ཨིན།

སེལ་ཐབས།

  1. ཁྱོད་ཀྱི་ ལག་ལེན་རིམ་ལུགས་འདི་ complex text layout གི་དོན་ལུ་གདམ་ཁ་ ཡང་ན་བཟོ་བཀོད་འབད་བཅུག་ནིའི་དོན་ལུ་ དང་པ་རང་ འདི་ནུས་ལྡན་ཡོདཔ་བཟོ་དགོ། དཔེར་ན་ OpenOffice གི་དོན་ལུ་ Tools ► Options ► Language Settings ► Languages "Enhanced Language Support" "Enabled complex text layout (CTL)"་ གདོང་ཁ་ཡོད་པའི་སྒྲོམ་ཅུ་ནང་བདུན་རྟགས་བཀོད་དགོ།
  2. Windows XP ནང་ Uniscribe དུས་མཐུན་བཟོ་ནིའི་ལམ་སྟོན་ཚུ་ལེགས་ཤོམ་སྦེ་ལག་ལེན་འཐབ་དགོ།
  3. གལ་སྲིད་འདི་ནང་ལཱ་འབད་མ་བཏུབ་འདྲཝ་ཅིག་འབད་བ་ཅིན་ ཁྱོད་རའི་རིམ་ལུགས་ཀྱི་ Program ཡིག་སྣོད་ནང་ དུས་མཐུན་ཡོད་པའི་ Uniscribe (usp10.dll) འདི་འདྲ་བཤུས་རྐྱབ་དགོ། (དཔེར་ན་ Windows XP ནང་གི་ OpenOffice ནང་ལུ་ C:\Program Files\OpenOffice.org 3\program\ directory ནང་ usp10.dll འདི་འདྲ་བཤུས་རྐྱབ་དགོ།) (

དྲན་ཐོ། ཡུ་ནི་ཀོཌ་གི་དོན་ལུ་རྒྱབ་སྐྱོར་འབད་བཏུབ་པའི་ ལག་ལེན་རིམ་ལུགས་སོ་སོར་ཡང་ཡོདཔ་ཨིན་རུང་ Complex Text Layout ལུ་རྒྱབ་སྐྱོར་འབད་མ་བཏུབ་ཨིན་པས།

ངེ་གི་གློག་རིག་ནང་ རྫོང་ཁའི་ཡིག་གུ་ཚུ་ཆད་ཆདཔ་དང་ལེགས་ཤོམ་མ་འཐོན་མི་འདི་ ག་ཅི་འབད་ཨིན་ན?

 

སེལ་ཐབས།

  • ཁྱོད་ཀྱི་གློག་རིག་ནང་ལས་ Arial Unicode ཡིག་གཟུགས་འདི་བཏོན་གཏང་དགོ།
    དྲན་ཐོ། གོང་གི་དཀའ་ངལ་འདི་མེད་འདི་རང་འབད་རུང་ ཁྱོད་ཀྱི་གློག་རིག་ནང་ལས་ Arial Unicode ཡིག་གཟུགས་འདི་བཏོན་གཏང་པ་ཅིན་ལེགས་ཤོམ་ཨིན་མི་འདི་ཡང་ Windows ནང་ Dzongkha དང་ Tibetan རིམ་ལུགས་ཀྱི་ལཱ་འབད་ཐངས་ལུ་བར་དཀྲོག་འབདཝ་ཨིན།

རྫོང་ཁའི་ནང་རྟག་དཔྱད་ཀྱི་ཡི་གུ་མཛུབ་གནོན་རྐྱབ་ད་ ལྡེ་སྒྲོམ་འདི་ ག་ཅིག་འབད་ལོག་ English ནང་འགྱོཝ་ཨིན་ན?

རྒྱུ་རྐྱེན།

Tདཀའ་ངལ་འཐོན་མི་འདི་ཡང་ Windows ནང་ལུ་ལྡེ་སྒྲོམ་སོར་བའི་སྐབས་ལུ་ ཡང་ན་ གློག་རིག་ནང་ལུ་ Input Languages འདི་ Grave Accent key གུ་བཀལ་བཞག་ཡོདཔ་ལས་བརྟེན་ཨིན།

སེལ་ཐབས།

Control Panel(Clock Language and Region) Change Keyboard and other input methodsChange KeyboardAdvanced Key settingsChange Key Sequence ནང་འགྱོ་དགོ།

  • དེ་ལས་ Change Key Sequence ནང་ལུ་ Switch Input Language འོག་ལུ་ཡོད་པའི་ Left Alt + Shift གུ་བདེན་རྟགས་བཀལ་དགོ།
  • ད་རུང་ར་ Change Key Sequence ནང་ལུ་ Switch Keyboards འོག་ལུ་ཡོད་པའི་ Left Ctrl + Shift གུ་བདེན་རྟགས་བཀལ་དགོ།

 

Windows ནང་ལུ་རྫོང་ཁ་མཛུབ་གནོན་འབདཝ་ད་ ཡིག་གཟུགས་འདི་འཕྲལ་འཕྲལ་རང་ Microsoft Himalaya ལུ་ག་ཅི་འབད་འགྱུར་འགྱོཝ་སྨོ?

རྒྱུ་རྐྱེན།

  1. Microsoft Word ནང་ལུ་རྫོང་ཁའི་སྔར་སྒྲིག་ཡིག་གཟུགས་འདི་ ཡིག་གཟུགས་གཞན་ཅིག་གི་དོན་ལུ་ལེགས་ཤོམ་སྦེ་སྒྲིག་སྒྲིགཔ་མེད།
  2. དེ་འབད་ནི་འདི་གིས་ Microsoft Word གིས་རྫོང་ཁའི་ལྡེ་སྒྲོམ་འདི་ complex script སྐད་ཡིག་གི་ལྡེ་སྒྲོམ་སྦེ་ངོས་འཛིན་འབད་མ་ཚུགསཔ་ལས་ ལག་ལེན་འཐབ་མ་བཏུབ་ཨིན།
  3. Microsoft Himalaya འདི་ Windows གི་རྒྱལ་སྤྱིའི་ཡིག་གཟུགས་ཀྱི་ཡིག་སྣོད་ནང་ལུ་ བོད་པའི་སྔར་སྒྲིག་ཡིག་གཟུགས་སྦེ་བཙུགས་ཏེ་ཡོདཔ་ཨིན།

སེལ་ཐབས།

༡. Microsoft Word ནང་ལུ་རྫོང་ཁའི་ཡི་གུའི་སྒྲིག་བཀོད་བཟོ་དགོ།

ཡོངས་འབྲེལ་འཆར་སྒོ་འདི་ནང་བཙུགས་ཡོད་པའི་འོས་ལྡན་གྱི་བཀོད་རྒྱ་དང་འཁྲིལ་གནང་།

༢. Windows 7 ཡང་ན Windows Vista ནང་ལུ་ རྫོང་ཁའི་ལྡེ་སྒྲོམ་འདི་བོད་ཡི་གུ་བཀལ་དགོ།

Windows ནང་ལུ་ Microsoft གིས་ Tibetan ཡིག་གཟུགས་གི་དོན་ལུ་ ཚད་ལྡན་གྱི་རྒྱབ་སྐྱོར་ཡོདཔ་ལས་ Windows གིས་ Tibetan ཡིག་གཟུགས་འདི་ complex script language སྦེ་ངོས་འཛིན་འབདཝ་ཨིན། ཨིན་རུང་ རྫོང་ཁའི་དོན་ལུ་ རྒྱབ་སྐྱོར་ག་ནི་ཡང་མེདཔ་ལས་ Windows གིས་རྫོང་ཁ་འདི་ complex script language སྦེ་ངོས་འཛིན་འབད་མ་ཚུགསཔ་ཨིན། དེ་མ་ཚད་ Windows གིས་རྫོང་ཁ་དང་བོད་ཡིག་གཉིས་ཡི་གུའི་རིགས་གཅིག་སྦེ་ལག་ལེན་འཐབ་ཨིནམ་ངོས་འཛིན་འབད་མ་ཚུགསཔ་ཨིན།

 

༣. Windows གི་ global composite font ཡིག་སྣོད་འདི་བསྒྱུར་བཅོས་འབད་དགོ།
ཀ༽ Windows XP ནང་ལུ་ Global Font ཡིག་སྣོད་བསྒྱུར་བཅོས་འབད་ཐངས།
  • ཁྱོད་ཀྱི་ C:\WINDOWS\Fonts\ ནང་གི་ fonts ཡིག་སྣོད་ནང་ལུ་འགྱོ་དགོ།
  • དེ་གི་ཤུལ་ལས་ Global Serif ཡིག་གཟུགས (GlobalSerif.CompositeFont)་གི་ཡིག་སྣོད་འཚོལ་དགོ།
  • ཨ་ནི་ ཡིག་སྣོད་འདི་ Notepad ལག་ལེན་འཐབ་ཐོག་ཁ་ཕྱེ་དགོ།
  • <!-- Tibetan   0F00-0FFF --> ཟེར་མི་སྡེ་ཚན་འདི་འཚོལ་དགོ།
  • འགོ་ཡིག་འདི་གི་འོག་ལུ་ Target   = "Microsoft Himalaya" ཟེར་མི་ཚིག་འཚོལ་ཏེ་ ཚིག་འདི་ Target = "DDC Uchen" ཟེར་མི་ལུ་འགྱ྄ར་དགོ། (ཡང་ན་ ཁྱོད་རའི་བློ་འདོད་ལྟར་དུ་ རྫོང་ཁའི་སྔར་སྒྲིག་ཡིག་གཟུགས་སྦེ་ རྫོང་ཁའི་ཡིག་གཟུགས་གཞན་ཅིག་གདམ་འཐུ་འབད་རུང་བཏུབ།)

ཡིག་སྣོད་འདི་གསོག་འཇོག་འབད་དགོ།

"Global Monospace" དང་ "Global Sans Serif" composite font files ནང་ལུ་ཡང་བསྒྱུར་བཅོས་འབད་དགོ་པ་ཅིན་ གོང་གི་བསྒྱུར་བཅོས་ལམ་སྟོན་འདི་ཅོག་འཐདཔ་སྦེ་ལག་ལེན་འཐབ་བཏུབ།