རྫོང་ཁ་གོང་འཕེལ་ལྷན་ཚོགས་ཐེངས་ ༢༠ པ།
སྤྱི་ཚེས་ ༡༩/༠༣/༠༩ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ཞལ་འཛོམས་ཐེངས་ ༢༠ པ་འདི་ ཤེས་རིག་ལྷན་ཁག་གི་ ཞལ་འཛོམས་ཁང་ནང་ མི་རྗེ་བློན་ཆེན་མཆོག་གིས་དབུ་འཁྲིད་མཛད་ཐོག་ལས་ཚོགས་གནང་ཡི། དེ་ནང་ ལྷན་ཚོགས་ཀྱི་རྒྱབ་རྟེན་གནད་དོན་གྱིས་གཙོས་པའི་གྲོས་གཞི་ཁག་ ༡༢ དེ་ཅིག་གུ་གསུང་གྲོས་གནངམ་མ་ཚད་ རྫོང་ཁའི་ཡོངས་འབྲེལ་འཆར་སྒོ་ཡང་འགོ་བརྗོད་མཛད་གནང་ཡི།
སྐད་སྒྱུར་བྱོང་བརྡར།
སྤྱི་ལོ་ ༢༠༠༩ ཟླ་ ༣ པའི་ནང་ ཟླ་ངོ་གཅིག་དང་ཕྱེད་ཀྱི་རིང་ལུ་ སྐད་སྒྱུར་སྦྱོང་བརྡར་ཅིག་འགོ་འདྲེན་འཐབ་ནི་ཨིན།
ཁ་གསལ་མཁྱེན་ནིའི་དོན་ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་ལས་རིམ་སྡེ་ཚན་དང་གཅིག་ཁར་འབྲེལ་བ་འཐབ་གནང་།
རྫོང་ཁ་གོང་འཕེལ་ལྷན་ཚོགས་བསྐྱར་འཛུགས།
སྤྱི་ཚེས་ ༠༨/༠༡/༠༩ ལུ་གཞུང་གི་བཀའ་རྒྱ་ཨང་ ལྷན་གཞུང་/ལྷན་འབྲེལ་༠༢/༠༩/༩༦༥ ཅན་མ་དང་འཁྲིལ་ཏེ་ གཤམ་འཁོད་འཐུས་མི་ཚུ་ བསྐོ་བཞག་གནངམ་དང་འབྲེལ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་འདི་ ལོག་གཞི་བཙུགས་མཛད་གནང་ཡི།